འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཞ་མོན་མཁའ་འགྲུལ་གྱིས་ཞ་མོན་ནས་དབུན་ཀོ་ཧྭ་བར་གྱི་མཁའ་ལམ་ཤར་གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་29ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཞ་མོན་མཁའ་འགྲུལ་གྱི་མཚོན་རྟགས་བཀོད་པའི་པོ་དབྱིན་787-8འགྲུལ་སྐྱེལ་གནམ་གྲུ་ས་གནས་དེ་གའི་དུས་ཚོད་ཚེས་25ཉིན་གྱི་ཆུ་ཚོད་18དང་སྐར་མ་40ཡི་ཐོག་ཁ་ན་ཏའི་ནུབ་རྒྱུད་མཚོ་ཁའི་གྲོང་ཁྱེར་དབུན་ཀོ་ཧྭ་རུ་འབྱོར་བ་དེ་ཐོག་ནས་ཞ་མོན་མཁའ་འགྲུལ་ཀུང་སིས་ཞ་མོན་ནས་དབུན་ཀོ་ཧྭ་བར་གྱི་མཁའ་ལམ་ཤར་གཏོང་བྱས་པ་མཚོན་ལ་དེ་ཀྲུང་གོའི་ཕུའུ་ཅན་ཞིང་ཆེན་ནས་ཁ་ན་ཏའི་བར་གྱི་ཐད་གཏོང་མཁའ་ལམ་ཐོག་མ་དེའང་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཞ་མོན་མཁའ་འགྲུལ་ཀུང་སིས་ད་དུང་ཁ་ན་ཏའི་ཤི་ཅེ་མཁའ་འགྲུལ་ཀུང་སི་དང་མཉམ་འདྲེན་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་ཁ་ན་ཏའི་མོང་ཐེ་ལིར་དང་། ཨོ་ཐེ་ཧྭ། ཏོ་ལུན་ཏོ་སོགས་གྲོང་ཁྱེར་ནས་ཐོན་མཁན་ཡུལ་སྐོར་བས་ཤི་ཅེ་མཁའ་འགྲུལ་ཀུང་སི་དང་ཞ་མོན་མཁའ་འགུལ་ཀུང་སིའི་མཉམ་འདྲེན་གོང་ཁེའི་གནམ་གྲུའི་སྤ་སེ་ཉོ་ཆོག་པ་དང་དབུན་ཀོ་ཧྭ་རྒྱུད་ཀྲུང་གོའི་ཞ་མོན་དུ་འབྱོར་གྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།