འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།མཛེས་སྡུག་གི་དཀར་མཛེས་ཀྱིས་སྐུ་ཉིད་ལ་དགའ་བསུ་ཞུ་རྒྱུ་ཡིན།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་29ཉིན། 15:39】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།མཛེས་སྡུག་གི་དཀར་མཛེས་ཀྱིས་སྐུ་ཉིད་ལ་དགའ་བསུ་ཞུ་རྒྱུ་ཡིན།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་26ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་གི་བོད་རིགས་སྤུན་ཟླ་ཚོས་གླུ་ལེན་གར་འཁྲབ་ཀྱིས་སྲོལ་རྒྱུན་གྱི་"སྟོན་བསུ་དུས་ཆེན་"ལ་དགའ་སྤྲོ་འཁོལ་བའི་རྟེན་འབྲེལ་ཞུ་བཞིན་ཡོད་པ།
         ལོ་རེའི་བོད་ལུགས་ཀྱི་ཟླ་བ་7པའི་ཟླ་སྨད་ཀྱི་སྟོན་བསྡུའི་སྔོན་དུ་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་གི་མང་ཚོགས་ཚོས་དུས་ཆེན་གྱི་རྒྱན་གོས་སྤྲས་ཏེ་རྒན་སྐྱོར་བྱིས་ཁྲིད་ཀྱིས་རྩྭ་ཐང་སྟེང་དུ་འཛོམས་པ་དང་། ཐབ་བཙུགས་གུར་ཕུབ་ཀྱིས་དུས་ཡུན་ཉིན་གསུམ་རིང་གི་སྟོན་བསུ་དུས་ཆེན་གྱི་བྱེད་སྒོ་སྤེལ་ནས་ཐུན་མོང་དུ་ལོ་ལེགས་བྱུང་བའི་སྟོན་བསྡུའི་དུས་ཚིགས་ལ་བསུ་བ་བྱེད་པ་རེད། 
         "གླུ་གར་ཁྲོད་ཀྱི་དཀར་མཛེས•སྟོན་ཀའི་དུས་ཀྱི་སྤྲོ་སྐྱིད་"ཅེས་པ་བརྗོད་བྱ་གཙོ་བོ་བྱེད་པའི་མི་རིགས་ཀྱི་རྟེན་འབྲེལ་བྱེད་སྒོ་འདིའི་གནའ་ཉམས་ཟབ་མོ་ལྡན་པའི་མི་རིགས་ཀྱི་རིག་གནས་ནི་སི་ཁྲོན་ནུབ་བྱང་མཐོ་སྒང་རི་ཁུལ་གྱི་ཡུལ་སྐོར་རིག་གནས་ཀྱི་གནས་མཆོག་འཛུགས་སྐྱོང་བྱེད་པ་དང་། མགྲོན་པོར་དགའ་བའི་དཀར་མཛེས་མི་དམངས་ཀྱིས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ་བཞིན་ཡོད་པ་རེད། 
    【1】  【2】  【3】  【4】  【5】  【6】
    ༄༅།།མཛེས་སྡུག་གི་དཀར་མཛེས་ཀྱིས་སྐུ་ཉིད་ལ་དགའ་བསུ་ཞུ་རྒྱུ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།