འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་ཤུལ་རྩྭ་ཐང་སྟེང་གི་རྟ་རྒྱུགས་དུས་ཆེན།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་28ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཡུལ་ཤུལ་རྩྭ་ཐང་སྟེང་གི་རྟ་རྒྱུགས་དུས་ཆེན།
         མི་དམངས་དྲ་བའི་འཕྲིན། དབྱར་གཞུང་སླེབས་པས་ན་ཡུལ་ཤུལ་རྩྭ་ཐང་སྟེང་མེ་ཏོག་སྣ་བརྒྱ་བཞད་ནས་མཚོན་མདངས་རྣམ་པར་བཀྲ་བ་རེད། ཟླ་7ཚེས་25ཉིན་མཚར་སྡུག་ལྡན་པའི་མི་རིགས་ཀྱི་བྲོ་གར་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་འཁྲབ་སྟོན་ཁྲོད་དུ་ཡུལ་གྱི་སྲོལ་རྒྱུན་རྟ་རྒྱུགས་དུས་ཆེན་དང་། གངས་ལྗོངས་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ། གཙང་གསུམ་ཆུ་འགོའི་རྒྱུད་ཀྱི་ཆུའི་སྐྱེ་ཁམས་རིག་གནས་དུས་ཆེན་བཅས་ཡུལ་ཤུལ་དུ་གཟབ་རྒྱས་ངང་གཏོང་འགོ་ཚུགས་པ་རེད། ཐེངས་འདིའི་"དུས་ཆེན་གསུམ་མཉམ་གཏོང་"གི་བྱེད་སྒོ་འདི་ཡིས་གེ་སར་རིག་གནས་ཀྱི་ཁྱད་ཆོས་དང་ཆུའི་སྐྱེ་ཁམས་རིག་གནས་ཀྱི་འདུ་ཤེས་འབུར་ཐོན་དུ་མངོན་པར་བྱས་པ་དང་། ཡུལ་ཤུལ་གྱི་སྲོལ་རྒྱུན་རྟ་རྒྱུགས་དུས་ཆེན་གྱི་གཞི་རྒྱུ་དང་མཉམ་འདྲེས་བྱས་ནས་མཛེས་སྡུག་ལྡན་པའི་ཡུལ་ཤུལ་གྱི་སྤུས་རྟགས་དེ་མཐོ་ཚད་གསར་པ་ཞིག་བཏང་བ་རེད།
         གསར་འགོད་པས་བཅར་འདྲི་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ཡུལ་ཤུལ་གྱི་རྟ་རྒྱུགས་དུས་ཆེན་གྱི་མཚན་སྙན་ནི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་ཡོད་ལ། ལོ་རེའི་རྟ་རྒྱུགས་དུས་ཆེན་ནི་དེ་སྔོན་གྱི་རྟ་རྒྱུག་མདའ་འཕེན་དང་རྟ་རྒྱུགས་འགྲན་བསྡུར་ནས་རིམ་བཞིན་མི་རིགས་ཀྱི་རིག་གནས་ངོམས་པ་དང་། དཔལ་འབྱོར་སྤེལ་རེས། ཡུལ་སྐོར་ལས་རིགས་གོང་དུ་འཕེལ་བར་སྐུལ་སྤེལ་བཅས་བྱེད་པའི་དམངས་ཡོངས་ཀྱི་སྤྲོ་ཚོགས་གཟབ་རྒྱས་ཤིག་ཏུ་འཕེལ་རྒྱས་བྱུང་སྟེ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་བཀུགས་ནས་དུས་ཆེན་རོལ་བར་ཡོང་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།