འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་རྒྱ་མཚོའི་སྐོར་གྱི་འདུམ་གཅོད་ལ་བཅའ་ཁྲིམས་ཀྱི་རྨང་གཞི་མེད་ཅེས་འཁོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་29ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་ལྷོ་ཨ་ཧྥེ་རི་ཁའི་རྒྱལ་སྤྱིའི་གནད་དོན་ཐད་ཀྱི་དཔྱད་གཏམ་པ་བསླབ་པ་རྒན་གྲས་ལྷོ་ཨ་ཧྥེ་རི་ཁའི་ཚགས་པར་སྨྱན་སྦྱོར་ཆེ་ཤོས་ཏེ་རང་ཚུགས་སྨྱན་སྦྱོར་ཚོགས་པའི་ཕྱི་དོན་འགན་འཁུར་རྩོམ་སྒྲིག་པ་ཤང་ནུང·དབྱི་ཕུའུ་ལ་ཤིན་གྱིས་རང་ཚུགས་སྨྱན་སྦྱོར་ཁོངས་གཏོགས་ཀྱི་《སྐར་མའི་ཚགས་པར་》དང་《ཁའེ་ཕུའུ་སྐབས་དོན་ཚགས་པར》 《པི་ལི་ཐུའོ་ལི་ཡ་གསར་འགྱུར་ཚགས་པར་》སོགས་ཚགས་པར་གཙོ་གྲས་ཐོག་མིང་བཀོད་རྩོམ་ཡིག་སྤེལ་བའི་ནང་ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞིའི་གནས་སྐབས་འདུམ་གཅོད་ཁྲིམས་རས་ཁྲུན་ཐག་བཅད་པར་ཁྲིམས་མཐུན་རང་བཞིན་དང་དྲང་བདེན་རང་བཞིན་ལྡན་མིན་ཐད་ལ་དོགས་འཆར་ཆེན་པོ་བྱུང་། ནུབ་ཕྱོགས་ལ་ལྷོ་རྒྱ་མཚོའི་བདག་དབང་དང་ཁེ་དབང་སྲུང་སྐྱོང་བྱེད་པའི་ཀྲུང་གོའི་ཆོད་སེམས་ལ་ཚོད་དཔག་དམའ་པོ་བྱེད་མི་རུང་བའི་དྲན་སྐུལ་ཐ་ཚིག་སྒྲོག་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གྲོས་མོལ་བརྒྱུད་ལྷོ་རྒྱ་མཚོའི་རྩོད་གཞི་སེལ་རྒྱུའི་འདོད་ཚུལ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
         རྩོམ་ཡིག་ནང་དུ་ནུབ་ཕྱོགས་ཀྱིས་ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞིའི་འདུམ་གཅོད་ཁྲིམས་རས་ཁྲུན་ཐག་བཅད་པ་ཟེར་བ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གོ་རིམ་དང་མཐུན་པའི་ངོས་འཛིན་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། འོན་ཏེ་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས་》ལྟ་མྱོང་བ་ཚང་མས་ཁྲུན་བཅད་དེར་བཅའ་ཁྲིམས་ཀྱི་རྨང་གཞི་གང་ཡང་མེད་པ་ཤེས་ཀྱི་ཡོད་ཅེས་འཁོད་ཡོད་པ་རེད།
         རྩོམ་ཡིག་ནང་དུ་འདུམ་གཅོད་ཁྲིམས་རའི་ཁྲུན་བཅད་ཟེར་བ་དེ་《སྤྱི་ཆིངས་》ཀྱི་ལེགས་སྒྲིག་ཁྱབ་ཁོངས་ལས་བརྒལ་ཡོད་པ་མ་ཟད། ད་དུང་ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ཀྱིས་ཐད་ཀར་གྲོས་མོལ་བྱས་ནས་ལྷོ་རྒྱ་མཚོའི་རྩོད་གཞི་སེལ་རྒྱུའི་གདམ་ག་བྱ་རྒྱུ་ཡོད་པ་སྣང་མེད་དུ་བཏང་ཡོད་ཅེས་བསྟན་ཡོད་པ་རེད།
         རྩོམ་ཡིག་ནང་དུ་ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞི་ནི་ཧྥི་ལི་ཕིན་གྱི་ཙུང་ཐུང་ཟུར་པ་ཨ་ཅི་ནོ་སྐུ་ཐོག་གསུམ་པས་བཏོན་པ་ཞིག་རེད། ཧྥི་ལི་ཕིན་གྱི་ཙུང་ཐུང་གསར་པ་ཏུའུ་ཐེའར་ཐེ་ཡིས་བརྡ་རྟགས་ཤིག་བཏང་སྟེ་ཀྲུང་གོ་དང་གྲོས་མོལ་བྱ་རྒྱུར་མཐོང་ཆེན་བྱ་རྒྱུའི་རྟགས་མཚན་བསྟན་ཡོད། ཧྥི་ལི་ཕིན་གྱིས་འབྱུང་འགྱུར་ཀྲུང་གོ་དང་གྲོས་མོལ་བྱེད་ཀྱི་ཡོད་ནའང་འདྲ་བྱེད་ཀྱི་མེད་ནའང་འདྲ་གང་ལྟར་ནུབ་ཕྱོགས་ཀྱིས་འཐབ་ཇུས་རང་བཞིན་གྱི་བརྡར་གཅོད་ནོར་འཁྲུལ་བྱེད་མི་རུང་། ཀྲུང་གོས་ལྷོ་རྒྱ་མཚོའི་གླིང་ཚོམ་གྱི་བདག་དབང་འདོར་མི་སྲིད་ཅེས་འཁོད་ཡོད་པ་རེད།
         རྩོམ་ཡིག་ནང་མཇུག་ཏུ་ཨ་རིས་ད་བར་དུ་《སྤྱི་ཆིངས་》ཐོག་མིང་རྟགས་བཀོད་མེད་པར་བརྟེན་ཨ་རིས་《སྤྱི་ཆིངས་》དང་འབྲེལ་བ་ཡོད་པའི་རྣམ་འགྱུར་གང་ཞིག་བསྟན་རུང་ཡིད་རྟོན་རུང་བ་གཅིག་ཀྱང་མེད། ཨ་རིས་ཧྥི་ལི་ཕིན་ལ་ཕྱོགས་རྐྱང་པས་འདུམ་གཅོད་བྱ་རྒྱུའི་རེ་འདུན་ཞུ་རྒྱུའི་སྐུལ་སློང་བྱས་པ་དེ་《སྤྱི་ཆིངས་》ལས་འགལ་བ་ཞིག་ཡིན་པ་དང་བྱ་སྤྱོད་དེ་ཐོག་ནས་ཨ་རིས་ཚད་གཞི་གཉིས་བཟུང་བ་སྔར་བས་མངོན་གསལ་དོད་པོ་ཡིན་ཞེས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།