འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་
    དང་པོ་གནང་བ་བདེ་བླག་ངང་རྫོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་25ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་
དང་པོ་གནང་བ་བདེ་བླག་ངང་རྫོགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་24ཉིན་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་དུས་ཡུན་ཉིན་4རིང་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་བ་བདེ་བླག་ངང་རྫོགས་པ་ཆེན་པོ་བྱུང་བ་རེད།
         ཐེངས་འདིར་དཔལ་དུས་ཀྱི་འཁོར་ལོའི་དབང་གནང་བ་ནི་བཀྲ་ཤིས་ལྷུན་པོ་དགོན་གྱི་དགེ་འདུན་ཡོངས་ཀྱིས་རེ་འདུན་ཞུས་པ་དང་། པཎ་ཆེན་མཆོག་གི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་གྱིས་གཙོ་གཉེར་གནང་བ། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་གཉེར་རོགས་གནང་སྟེ་པཎ་ཆེན་མཆོག་གིས་གཙོ་སྐྱོང་མཛད་དེ་གནང་། འདི་ཡང་བོད་ལྗོངས་སུ་ལོ་60ལྷག་ཙམ་རིང་ལ་གཞི་རྒྱ་ཆེ་བའི་ངང་སྤེལ་བའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་དང་པོ་གནང་བ་རེད། བཀྲ་ཤིས་ལྷུན་པོ་དགོན་གྱི་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་ལས་མངོན་པ་ལྟར་ན། 1954ལོར་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་བདེ་ཆེན་སྐལ་བཟང་ཕོ་བྲང་འདི་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་གཅིག་གནང་མྱོང་བ་རེད།
         ཆོས་ལུགས་ཀྱི་ཆོ་ག་དམ་ནན་ལ་གཞིགས་ཏེ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་བའི་སྨོན་ལམ་ཆེན་པོ་ནི་ཟླ་7ཚེས་21ཉིན་ནས་ཚེས་ 24ཉིན་བར་འཚོགས་ཤིང་། དེའི་རིང་ལ་ཉིན་རེའི་སྔ་དྲོར་པཎ་ཆེན་མཆོག་གིས་ཡི་དམ་སྒྲུབ་པ་དང་། ཆུ་ཚོད་14:00ནས་བཟུང་སེར་སྐྱ་དད་ལྡན་པ་རྣམས་ལ་ཆོས་གསུང་དབང་སྐུར་གནང་བ་རེད། ཤེས་རྟོགས་བྱུང་བ་ལྟར་ན། དུས་འཁོར་དབང་ཆེན་གནང་བའི་སྨོན་ལམ་ཆེན་པོ་འཚོགས་རིང་པཎ་ཆེན་མཆོག་གིས་ཁྱོན་བསྡོམས་སེར་སྐྱ་དད་ལྡན་པ་མི་ཐེངས་ཁྲི་42.6ལྷག་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་བ་དང་། བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་སོགས་ཀྱི་དགོན་སྡེ་ཁག་ནས་ཕེབས་པའི་བླ་མ་སྐྱེས་ཆེན་དང་སྤྲུལ་སྐུ་100ལྷག་དང་གྲྭ་བཙུན་5000ལྷག་ཙམ་གྱིས་པཎ་ཆེན་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་གནང་བ་དང་ལེན་བྱས་པ་རེད།
    ༄༅།།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་
དང་པོ་གནང་བ་བདེ་བླག་ངང་རྫོགས་པ།
    ༄༅།།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་
དང་པོ་གནང་བ་བདེ་བླག་ངང་རྫོགས་པ།
    ༄༅།།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་
དང་པོ་གནང་བ་བདེ་བླག་ངང་རྫོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།