འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཕྱི་ནང་གི་ཚན་རིག་པས་མཚོ་བོད་ས་མཐོ་དང་དེའི་མཐའ་འཁོར་གྱི་ས་འོག་ཆུ་
    མང་དུ་ཕྱིན་པ་ཤེས་རྟོགས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་11ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བར་གནས་ཚུལ་སྤེལ་བ་གཞིར་བཟུང་། རྒྱལ་ཁབ་ཕྱི་ནང་གི་ཚན་རིག་པས་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བར། མཚོ་བོད་ས་མཐོ་དང་དེ་བཞིན་དེའི་མཐའ་འཁོར་ས་ཁུལ་གྱི་ས་འོག་ཆུ་མང་དུ་ཕྱིན་ཡོད་ཅིང་། 2003ལོ་ནས་2009ལོའི་བར་དུ་ལོ་རེར་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་186±48མང་དུ་ཕྱིན་པ་དེ། ཆུ་ཁ་སྨི་175ཟིན་པའི་སྐབས་ཀྱི་ཕལ་ཆེར་འགག་གསུམ་ཆུ་མཛོད་ཀྱི་ཆུ་མཛོད་ཀྱི་ཕྱེད་ཀ་ཙམ་ཟིན་ཡོད་པ་རེད།
         ཉེ་ཆར་གསར་འགོད་པར་ཀྲུང་གོའི་ཚན་རིག་ཁང་ཚད་ལེན་དང་སའི་གོ་ལའི་དངོས་ལུགས་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱུང་གསལ། ཞིབ་འཇུག་གི་རྣམ་གྲངས་དེ་ནི་ཞིབ་འཇུག་སུའོ་དེའི་ཞིབ་འཇུག་པ་ཝང་ཧན་ཧྲེང་གིས་འགན་འཁུར་བའི“སའི་གོ་ལའི་ཕྱི་དངོས་དོ་སྙོམས་ཀྱི་ཚད་ངེས་དཔྱད་དཔོག”ཚོགས་པས་སུའེ་ཏེན་རྒྱལ་ཁབ་ས་ཆ་ཚད་ལེན་ཅུས་དང་ཤང་ཀང་སློབ་ཆེན་སའི་གོ་ལའི་ཚན་རིག་སྡེ་ཁག་གཉིས་དང་མཉམ་ལས་བྱས་ནས་ལེགས་སྒྲུབ་བྱས་པ་ཞིག་ཡིན་པ་དང་། འབྲེལ་ཡོད་དཔྱད་རྩོམ་རྒྱལ་སྤྱིའི་དུས་དེབ《སའི་གོ་ལའི་ཚན་རིག་རྒྱས་འཕྲིན》དུ་བཏོན་ཡོད་པ་རེད།
         དུས་ཡུན་རིང་པོར་བེད་སྤྱོད་ཆོག་པའི་ཁྲོན་པའི་ཆུ་གནས་ཚད་ལེན་གྲངས་གཞི་ཧ་ཅང་ཉུང་བའི་རྐྱེན་གྱིས། ཕྱི་རོལ་གྱིས་ཡངས་ཤིང་རྒྱ་ཆེ་བའི་མཚོ་བོད་ས་མཐོའི་ས་འོག་ཆུའི་གནས་ཚུལ་སྐོར་ཤེས་མཁན་ཧ་ཅང་ཉུང་། ཡིན་ན་ཡང་དེའི་གསོག་འབོར་ཐད་ཀྱི་འགྱུར་ལྡོག་ནི། ས་མཐོའི་སྣོད་བཅུད་སླར་གསོ་དང་། ཞིང་འབྲོག་ལས་འཕེལ་རྒྱས། ས་གཤིས་གནོད་འཚེ་འགོག་བཅོས། ལས་གྲྭ་ཇུས་འགོད། ས་དྲོད་གསར་སྤེལ་སོགས་ལ་མཚོན་ན་ཧ་ཅང་རིན་ཐང་ལྡན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།