འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཇོ་རི་སྒར་ས་ཆེ་མོར་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་རྐང་ཐང་འདུ་ཚོགས་འཚོག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་11ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་15ཉིན་ས་བབ་སྨི་5200ཡོད་པའི་ཇོ་མོ་གླང་མའི་སྒར་ས་ཆེ་མོར་རྐང་ཐང་འདུ་ཚོགས་སྐབས་དང་པོ་འཚོག་རྒྱུ་ཡིན་པ་དེ་ནི་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་རྐང་ཐང་འདུ་ཚོགས་སུ་འགྱུར་རྒྱུ་ཡིན་པ་རེད།
          ཇོ་མོ་གླང་མའི་སྒར་ས་ཆེ་མོ་གནས་ཡུལ་བོད་ལྗོངས་དིང་རི་རྫོང་གི་རྫོང་དཔོན་གཞོན་པ་ཝང་ཞུའེ་ཏུང་གིས། སྒར་ས་ཆེ་མོ་ནས་འགོ་བཙུགས་ཏེ་རྐང་ཐང་མར་ལམ་ཐག་སྤྱི་ལེ་10ལྷག་ཙམ་སྐྱོད་དགོས་ཤིང་། དེར་ཞུགས་མཁན་གྲས་སུ་ཡུལ་སྐོར་བ་དང་རྫོང་དང་ཤང་གི་ལས་བྱེད་པ་སོགས་མི་50ལྷག་ཙམ་ཡོད། ས་བབ་མཐོ་བས། འདུ་ཚོགས་ཀྱི་སྒྲིག་འཛུགས་ཨུ་ལྷན་གྱིས་རྐང་ཐང་མར་སྐྱོད་མཁན་ལ་སྨན་པ་བཀོད་སྒྲིག་ཀྱང་བྱས་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
         ཇོ་མོ་གླང་མ་ནི་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་རི་བོ་ཡིན་པས། སྒར་ས་ཆེ་མོའི་མཛེས་ལྗོངས་མཚར་སྡུག་བཀྲ་བ་དེ་འདྲ་མེད་ཀྱང་མི་སེམས་འགུག་ཐུབ་པ་ཞིག་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།