འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་སེར་ཤུལ་ནས་ཉུང་མཐར་ཡང་སྤྱི་ཆིང་ཁྲི་30ཡི་རྩ་ཆེའི་འདམ་སོལ་འདམ་རའི་
    ཐོན་ཁུངས་རྙེད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་08ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།སི་ཁྲོན་སེར་ཤུལ་ནས་ཉུང་མཐར་ཡང་སྤྱི་ཆིང་ཁྲི་30ཡི་རྩ་ཆེའི་འདམ་སོལ་འདམ་རའི་
ཐོན་ཁུངས་རྙེད་པ།
         ཉིན་ཤས་གོང་། གསར་འགོད་པས་སི་ཁྲོན་ཞིང་ཆེན་སེར་ཤུལ་རྫོང་འདམ་རའི་ཚན་རིག་རྟོག་ཞིབ་སྤེལ་རེས་བགྲོ་གླེང་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། དུས་ཡུན་གཟའ་འཁོར་གཅིག་གི་འདམ་རར་རྟོག་ཞིབ་བྱེད་རིང་། རྒྱལ་ཁབ་ཕྱི་ནང་གི་འདམ་རའི་རིགས་གཅིག་མཁས་ཅན་སེར་ཤུལ་ནས་འདམ་རྫབ་འདམ་ར་དང་། མཚོ་མཚེའུ་འདམ་ར། རྒྱུག་ཆུའི་འདམ་ར། འདམ་སོལ་འདམ་ར་སོགས་འདམ་ར་སྣ་ཚོགས་ཤེས་རྟོགས་བྱུང་བའི་ཁྲོད། ཁྲོ་ཤུལ་གོང་མ་ཤང་ནས་རྙེད་པའི་ཆ་སྙོམས་གཏིང་ཚད་སྨི་5ཙམ་དང་ཉུང་མཐར་ཡང་སྤྱི་ཆིང་ཁྲི་30ཡི་གཏོར་སྐྱོན་གང་ཡང་ཕོག་མེད་པའི་འདམ་སོལ་འདམ་ར་རྩ་ཆེ་ཤོས་ཡིན་པ་རེད།
         མཚོ་བོད་ས་མཐོའི་ཤར་ལྷོའི་མཚམས་ཀྱི་སི་ཁྲོན་དང་། མཚོ་སྔོན། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་སྦྲེལ་མཚམས་ཁུལ་དུ་གནས་པའི་སེར་ཤུལ་རྫོང་དུ་འདམ་རའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་110ཡོད་པ་དེ་མཐོ་གྲང་འདམ་ར་ཁྱབ་ཁུལ་གྱི་ཁོངས་སུ་གཏོགས་ཀྱི་ཡོད། འདམ་ར་དེ་ནི་མཚོ་བོད་ས་མཐོའི་སྣོད་བཅུད་མ་ལག་གི་སྲུང་ཡོལ་གལ་ཆེན་གྱི་གྲས་ཤིག་ཡིན་པ་དེས། འབྲི་ཆུ་དང་རྨ་ཆུའི་ཆུ་འགོའི་སྣོད་བཅུད་དོ་སྙོམས་ཡོང་བ་བྱེད་ཅིང་། འདི་ནི་མཁའ་དབྱིངས་ནས་པར་བླངས་པའི་སེར་ཤུལ་རྫོང་གི་ཉི་མ་མཚེའུའི་འདམ་རའི་ཟུར་ཞིག་ཡིན་པ།
    འདི་ནི་ངང་སེར་ཁྱུ་གཅིག་སེར་ཤུལ་རྫོང་ཉི་མ་མཚེའུའི་འདམ་རར་ངལ་གསོ་བའི་གནས་ཚུལ་ཡིན་པ།
    འདི་ནི་ངང་སེར་ཁྱུ་གཅིག་སེར་ཤུལ་རྫོང་ཉི་མ་མཚེའུའི་འདམ་རར་ངལ་གསོ་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།