འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།"2016ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས"ལྷ་ས་ནས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་08ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    འདི་ནི་ཟླ་7ཚེས་7ཉིན་པར་བརྒྱབ་པའི་གླེང་སྟེགས་ཀྱི་ཡུལ་དངོས་ཡིན་པ།
    འདི་ནི་ཟླ་7ཚེས་7ཉིན་པར་བརྒྱབ་པའི་གླེང་སྟེགས་ཀྱི་ཡུལ་དངོས་ཡིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་གནང་བ་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་འཁུར་བའི"2016ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས"དེ་བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ལྟེ་གནས་ལྷ་ས་གྲོང་ཁྱེར་ནས་འཚོག་འགོ་ཚུགས་པ་རེད། 
         ཐེངས་འདིའི་གླེང་སྟེགས་ཀྱི་དུས་ཡུན་ནི་ཉིན་གཉིས་ཡིན་ལ། རྒྱལ་ཁབ་དང་ས་གནས་30ལྷག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་། འབྲེལ་ཡོད་མི་སྣ་130ལྷག་ཙམ་ཚོགས་འདུར་ཞུགས་ནས་བོད་ལྗོངས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་ཐབས་འདོན་ཇུས་འདོན་བྱས་ཡོད། ཚོགས་ཞུགས་འཐུས་མི་རྣམས་ནི་ཀྲུང་གོ་དང་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་ཞིབ་འཇུག་ཐུགས་ཁུར་བྱེད་མཁན་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དག་ཡིན་པ་རེད། 
         ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་བྱ་ནི"བོད་ལྗོངས་འཕེལ་རྒྱས་ཀྱི་དུས་རིམ་གསར་པ——གསར་གཏོད། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད"ཡིན་ཞིང་། "གསར་གཏོད་འཕེལ་རྒྱས། གོ་སྐབས་དང་གདམ་ག" "མཐུན་སྦྱོར་འཕེལ་རྒྱས། སྲོལ་རྒྱུན་དང་དེང་རབས་ཀྱི་སྦྲེལ་མཐུད།" "ལྗང་མདོག་འཕེལ་རྒྱས། མངོན་མེད་སྟོབས་ཤུགས་དང་ཁྱད་འཕགས་ཡོན་ཏན་འདོན་སྤེལ།" "སྒོ་འབྱེད་འཕེལ་རྒྱས། རྒྱུད་གཅིག་ལམ་གཅིག་གི་འདུན་མ་གསར་པ།" "མཉམ་སྤྱོད་འཕེལ་རྒྱས། གནད་སྨིན་དབུལ་སྐྱོར་དང་དམངས་འཚོ་ལེགས་བཅོས"བཅས་ཀྱི་ཡན་ལག་གྲོས་གཞི་ལྔ་ཡང་བཀོད་སྒྲིག་བྱས་ཡོད་པ་རེད། 
         མིག་སྔར། བོད་ལྗོངས་ཀྱི་འཕེལ་རྒྱས་ནི་ལོ་རྒྱུས་གསར་པ་ཞིག་གི་འགོ་རྩོམ་སར་སླེབས་ཡོད། ཐེངས་འདིའི་གླེང་སྟེགས་ཀྱིས་འཕེལ་རྒྱས་གསར་བའི་འདུ་ཤེས་བརྗོད་བྱ་བྱས་ནས་འཚོལ་ཞིབ་བགྲོ་གླེང་སྤེལ་ཡོད་པ་དང་། རིགས་གཅིག་མཁས་ཅན་གྱི་བློ་གྲོས་གཅིག་འདུས་དང་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་འགྲིལ་ནས་བོད་ལྗོངས་ཀྱི་མ་འོངས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཐུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།