འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིས་ཉི་གྲོང་ཁྱེར་གྱི་ལྟེ་བར་རླངས་འཁོར་འཇོག་དཀའ་བ།

    རླངས་འཁོར་འཇོག་ས་གཅིག་ཉོ་བར་རིན་གོང་ཨོ་སྒོར་ཁྲི་40སྤྲོད་དགོས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་11ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཨོ་སི་ཁྲུ་ལི་ཡའི་《ཉིན་རེའི་གློག་འཕྲིན་གསར་འགྱུར་》ཐོག་ཉིན་ཤས་གོང་གནས་ཚུལ་སྤེལ་བ་གཞིར་བཟུང་། ཤིས་ཉི་གྲོང་ཁྱེར་གྱི་ལྟེ་བར་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ནས། ས་གནས་དེ་གའི་སྤྱི་ཤག་ཅིག་གི་རླངས་འཁོར་འཇོག་སའི་རིན་གོང་ཨོ་སྒོར་ཁྲི་40(ཧ་ལམ་མི་དམངས་ཤོག་སྒོར་ཁྲི་189ཙམ)ཟིན་གྱི་ཡོད་པ་རེད།
         གནས་ཚུལ་སྤེལ་བའི་ནང་། རླངས་འཁོར་འཇོག་ས་དེའི་རིན་གོང་ནི་ཤིས་ཉི་གྲོང་ཁྱེར་གྱི་ལྟེ་བ་ནས་ནུབ་འདབས་སུ་སྤྱི་ལེ་50སྐྱོད་མཚམས་ཀྱི་ཁང་མིག་གསུམ་ཅན་གྱི་སྤྲོ་ཁང་ཞིག་གི་རིན་གོང་དང་མཉམ་ཡོད་པ་དང་། དེ་ནི་ཨོ་སི་ཁྲུ་ལི་ཡའི་ཁྲོམ་རའི་ནང་གི་རིན་གོང་མཐོ་ཤོས་ཀྱི་རླངས་འཁོར་འཇོག་ས་ཞིག་ཡིན་ཡང་སྲིད་ཅེས་འཁོད་ཡོད་པ་རེད།
         རླངས་འཁོར་འཇོག་ས་དེའི་སྦྱིན་བདག་གིས་ངོ་སྤྲོད་བྱས་པར་གཞིགས་ན། རླངས་འཁོར་འཇོག་ས་དེའི་ན་ནིང་གི་རིན་གོང་ནི་ཨོ་སྒོར་ཁྲི་33(ཧ་ལམ་མི་དམངས་ཤོག་སྒོར་ཁྲི་156ཙམ)ཡིན་ལ། གྲོང་ཁྱེར་ལྟེ་བའི་རླངས་འཁོར་འཇོག་སའི་དགོས་མཁོ་ཆེ་རུ་ཕྱིན་པ་དང་བསྟུན་ནས་རིན་གོང་ཡང་ཆེ་རུ་བཏང་བ་རེད། རིན་གོང་མཐོ་ན་ཡང་། མི་མང་པོ་ཞིག་གིས་རླངས་འཁོར་འཇོག་ས་དེ་ཉོ་འདོད་བྱེད་ཀྱི་འདུག རྒྱུ་མཚན་ནི་གྲོང་ཁྱེར་གྱི་ལྟེ་བར་གནས་པས་ཡིན་པ་མ་ཟད། མང་པོ་མེད་པའི་རླངས་འཁོར་གཉིས་འཇོག་ཐུབ་པའི་རླངས་འཁོར་འཇོག་ས་ཞིག་ཡིན། ས་གནས་དེ་གའི་རླངས་འཁོར་འཇོག་ས་འཚོང་མཁན་གྱི་དྲ་ཚིགས་ཤིག་གི་གྲངས་གཞི་ལྟར་ན། ཤིས་ཉི་ས་ཁུལ་གྱི་རླངས་འཁོར་འཇོག་ས་དཀྱུས་མ་ཞིག་གི་རིན་གོང་ནི་ཨོ་སྒོར་ཁྲི་8.5(ཧ་ལམ་མི་དམངས་ཤོག་སྒོར་ཁྲི་40ཙམ)ཡིན་པ་དང་། གྲོང་ཁྱེར་གྱི་ལྟེ་བ་དང་པང་ཏེ་མཚོ་གྲམ་ལྟ་བུའི་ས་ཆ་ཡག་ཤོས་ཀྱི་རླངས་འཁོར་འཇོག་སའི་རིན་གོང་སྤྱིར་བཏང་གི་རླངས་འཁོར་འཇོག་ས་དག་ལས་ལྡབ་གཉིས་ཡན་གྱིས་མཐོ་བ་ཡོད་པ་རེད། དྲ་ཚིགས་དེའི་འགན་འཁུར་བ་ཧྥོ་ལང་ཞི་སི·ཨཱ་མུའུ་སི་ཐེ་ལང་གིས། ཤིས་ཉིའི་རླངས་འཁོར་འཇོག་སའི་རིན་གོང་ཧ་ཅང་མཐོན་པོ་ཡོད་ལ། དེ་ནི་ཤིས་ཉིའི་སྤྱི་སྤྱོད་རླངས་འཁོར་གྱིས་མི་རྣམས་ཀྱི་དགོས་མཁོ་སྐོང་མ་ཐུབ་པས་རེད། མི་མང་པོ་ཞིག་གྲོང་ཁུལ་དུ་བསྐྱོད་པར་རླངས་འཁོར་མ་བཏང་ཐབས་མེད་རེད། དེའི་རྐྱེན་གྱིས་རླངས་འཁོར་འཇོག་ས་དཀོན་པ་དང་ཡང་ན་རླངས་འཁོར་འཇོག་པའི་གྲོན་དངུལ་ཧ་ཅང་མཐོ་པོ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།