འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་སྟོད་དུ་རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་717ལས་ཞུགས་ཐུབ་པ་བྱུང་བ། 

    ན་ནིང་གི་དུས་མཚུངས་དང་རྩ་བའི་ཆ་ནས་སྙོམས་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་11ཉིན། 09:00】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་8ཉིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་པུའུ་ཀྲང་གཞོན་པ་ཤིན་ཁྲང་ཤིན་གྱིས་འདི་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ལས་ཞུགས་གནས་ཚུལ་རྩ་བའི་ཆ་ནས་བརྟན་པོ་ཡོད་པ་དང་། ཟླ་དང་པོ་ནས་དྲུག་པའི་བར་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་717ལས་ཞུགས་ཐུབ་པ་བྱུང་བ་དེ་ན་ནིང་གི་དུས་མཚུངས་དང་རྩ་བའི་ཆ་ནས་སྙོམས་ཡོད་ཅེས་ངོ་སྤྲོད་བྱས།
         ཤིན་ཁྲང་ཤིན་གྱིས་ཉིན་དེར་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་བརྡ་ཁྱབ་འཆར་ཅན་ཚོགས་འདུའི་ཐོག་དུས་ཚིགས་གཉིས་པའི་དུས་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་4.05%ཟིན་པ་དེ་དུས་ཚིགས་དང་པོ་ལས་ཏོག་ཙམ་འཕར་ཡང་། སྤྱིའི་ཆ་ནས་དམའ་བའི་ཆུ་ཚད་དུ་གནས་ཡོད། ཟླ་ལྔ་པར་གྲོང་ཁྱེར་ཆེན་པོ་31གི་གྲོང་ཁྱེར་དང་གྲོང་རྡལ་ལ་བརྟག་དཔྱད་བྱས་པ་བརྒྱུད་ལས་ཀ་ཤོར་ཚད་5.02%ཟིན་ཡོད་པས་ཆག་པའི་རྣམ་པ་ཐོན་ཡོད། འདི་ལོའི་མཐོ་སློབ་སློབ་ཐོན་སློབ་མ་ཁྱོན་ཁྲི་765ཡོད་པ་དང་། མིག་སྔར་མཐོ་སློབ་སློབ་ཐོན་སློབ་མའི་གན་རྒྱ་འཇོག་ཚད་དེ་ན་ནིང་གི་དུས་མཚུངས་དང་རྩ་བའི་ཆ་ནས་སྙོམས་ཡོད་པ་དང་། ཁྱོན་ཡོངས་ནས་བལྟས་ན་ད་དུང་བརྟན་པོ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།