འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་སྤྱི་ཕན་བྱེད་
    སྒོ་ཆེ་གྲས་སི་ཁྲོན་བོད་རིགས་ས་ཁུལ་དུ་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་11ཉིན། 09:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དར་མདོ་རྫོང་དུ་སྤེལ་འགོ་ཚུགས་ཤིང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་གཅེས་སེམས་དང་བླངས་པ་1000ལྷག་ཙམ་གྱིས་དཀར་མཛེས་ཀྲོའུ་རྟའུ་རྫོང་དང་། ཉག་ཆུ་རྫོང་། འདབ་པ་རྫོང་སོགས་རྫོང་10རུ་དུས་ཡུན་ཉིན་8ཀྱི་འོས་འགན་སྨན་བཅོས་དང་། གཅེས་སེམས་ལེགས་མཚོན། སྨན་བཅོས་གསོ་སྦྱོང་། བྱིས་པའི་ལྷན་སྐྱེས་སྙིང་ནད་འཚོལ་བཤེར། ཡུལ་ནད་བརྟག་ཞིབ་སོགས་ཀྱི་སྤྱི་ཕན་བྱེད་སྒོ་སྤེལ་ནས་བོད་རིགས་ས་ཁུལ་གྱི་མང་ཚོགས་ལ་དྲོ་སྐྱིད་སྦྱིན་རྒྱུ་རེད།
         གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྤྱི་ཕན་བྱེད་སྒོ་དེ་གཙོ་བོ་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རུ་སྤེལ་རྒྱུ་དང་། ད་དུང་རྒྱང་སྐྱོད་ལམ་བུའི་ཐོག་གི་གཙོ་གནད་རྫོང་9ལ་ཁྱབ་རྒྱུ་ཡིན་པ་སྟེ། ཅང་ཤིས་རུའེ་ཅིན་གྲོང་ཁྱེར་དང་། ཀོང་ཁྲང་རྫོང་། ཀོང་ཤིས་ཤིང་ཨན་རྫོང་། ཡུན་ནན་ལུའུ་ཆོན་རྫོང་། ཀུའེ་ཀྲོའུ་ཡི་ལི་ཕིང་རྫོང་དང་། ཧེ་ཀྲང་རྫོང་། ཝུའུ་ཁྲོན་རྫོང་། སི་ཁྲོན་རྔ་པའི་ཞའོ་ཅིན་རྫོང་དང་། ཀན་སུའུ་ཡི་ཧུའེ་ཉིང་རྫོང་བཅས་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་སྤྱི་ཕན་བྱེད་སྒོ་ནི་གསར་བརྗེའི་གནས་གཞིའི་ཁུལ་རྙིང་པ་དང་། གྲངས་ཉུང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ཀྱི་དཀའ་ངལ་ཡོད་པའི་ཚོགས་སྤྱིར་གཅེས་སེམས་མཚོན་པ་བྱ་རྒྱུ་དང་། རོགས་སྐྱོར་བྱ་རྒྱུ། རོགས་སྐྱོབ་བྱ་རྒྱུ་བཅས་ལྟེ་བར་བྱས་པའི་གནས་གཏན་འཁེལ་དང་ཁ་ཕྱོགས་གཏན་འཁེལ་གྱི་བརྗོད་དོན་གཙོ་བོའི་སྤྱི་ཕན་བྱེད་སྒོ་ཆེན་པོ་ཞིག་ཡིན་པ་དང་2010ལོ་ནས་བཟུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི“སེམས་མཐུན་འདུ་འགོད”ནང་བཅུག་ཡོད། 2015ལོ་བར་བྱེད་སྒོ་དེ་སི་ཁྲོན་དང་། ཉིང་ཞ། ནང་སོག ཀན་སུའུ། མཚོ་སྔོན། བོད་ལྗོངས་སོགས་སུ་སྤེལ་བ་དང་། རིམ་རྩིས་བྱས་ན་དང་བླངས་པ་ཁྲི་3ལྷག་ཙམ་སྒྲིག་འཛུགས་ཀྱིས་གཅེས་སེམས་མཚོན་པར་བྱས་པ། དཀའ་ངལ་ཡོད་པའི་མང་ཚོགས་ཁྲི་30ལྷག་ཙམ་ལ་ཐད་ཀར་ཕན་པ་ཐོབ་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།