འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བ་དང་མཚོ་བོད་ལྕགས་ལམ་ཐོག་མེ་
    འཁོར་ཤར་གཏོང་ཐུབ་ནས་ལོ་10འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ལྷ་སར་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་04ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བ་དང་མཚོ་བོད་ལྕགས་ལམ་ཐོག་མེ་
འཁོར་ཤར་གཏོང་ཐུབ་ནས་ལོ་10འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ལྷ་སར་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། 2016ལོའི་ཟླ་7ཚེས་1ཉིན་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བའི་དྲན་གསོ་ཉིན་མོ་ཡིན་ལ། མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་10འཁོར་བའི་དྲན་གསོ་ཉིན་མོ་ཡང་ཡིན། ཉིན་དེར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བ་དང་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་10འཁོར་བ་གཉིས་ལ་དུས་མཉམ་དུ་རྟེན་འབྲེལ་ཞུ་ཆེད། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་མཚོ་བོད་ལྕགས་ལམ་ཀུང་སིའི་ལྷ་ས་ས་ཚིགས་དང་། བོད་ལྗོངས་ཀྱི་ཡིག་གཟུགས་མཁས་ཅན་མཐུན་ཚོགས། གངས་ལྗོངས་ཞོན་གླུ་(萱歌)སྟེགས་བུ། ཐེན་ལི་རིག་གནས་སྨྱན་སྦྱོར་ཚོགས་པ་བཅས་དང་མཉམ་འབྲེལ་བྱས་ཏེ་ལྷ་སའི་མེ་འཁོར་འབབ་ཚིགས་ནས་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། འདི་ནི་རྟེན་འབྲེལ་བྱེད་སྒོའི་ཡུལ་དངོས་ཡིན་པ།
    【1】  【2】  【3】  【4】  【5】  【6】
    《བཀྲ་ཤིས་པའི་མཁའ་ལམ་》ཐད་གཏོང་ལེ་ཚན་གྱི་ཡུལ་དངོས།
    《བཀྲ་ཤིས་པའི་མཁའ་ལམ་》ཐད་གཏོང་ལེ་ཚན་གྱི་ཡུལ་དངོས།
      

    ཕྱོགས་བསྡུས་གསར་འགྱུར།