འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་མཛོད་དགེས་བྱ་དགའ་སྒོར་ཁྲི་སྤྲད་དེ་ཡུལ་སྐོར་གྱི་LOGO
    དང་དྲིལ་བསྒྲགས་ཡི་གེ་འཚོལ་བསྡུ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་22ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་མཛོད་དགེ་རྫོང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེའི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་སྔར་བས་མགྱོགས་སུ་གཏོང་བ་དང་། ཡུལ་སྐོར་གྱི་ལས་གཏོད་གཉིས་པ་དང་ཕྱོགས་བསྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་ཆེད“མཛོད་དགེའི་མཛེས་ལྗོངས་སླར་ཡང་མངོན་པ”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཏེ། མཛོད་དགེའི་ཡུལ་སྐོར་LOGOགཟུགས་བརྙན་དང་དེ་བཞིན་དྲིལ་བསྒྲགས་ཡི་གེ་གོ་ལ་ཧྲིལ་པོར་འཚོལ་བསྡུ་བྱེད་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་འབྲེལ། ཟླ་5ཚེས་23ཉིན་བར་སྤེལ་རྒྱུ་ཡིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་བྱེད་སྒོས་བདམས་བཀོད་བྱ་དགའ་གཅིག་གདམ་རྒྱུ་ཡིན་པ་དང་བྱ་དགའི་དངུལ་སྒོར་ཁྲི་གཅིག་ལས་བརྒལ་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་འཚོལ་བསྡུའི་བྱེད་སྒོ་ཟླ་4ཚེས་18ཉིན་འགོ་ཚུགས་ནས་ཟླ་5ཚེས་23ཉིན་བར་སྤེལ་རྒྱུ་རེད། བྱེད་སྒོ་དེ་དུས་མཚམས་གསུམ་ལ་དབྱེ་ཡོད་པ་སྟེ། ཟླ་4ཚེས་18ནས་ཟླ་5ཚེས་13ཉིན་བར་བརྩམས་ཆོས་འཚོལ་བསྡུ་བྱེད་པའི་དུས་མཚམས་དང་། ཟླ་5ཚེས་15ཉིན་ནས་ཟླ་5ཚེས་22ཉིན་དྲ་གྲོགས་ཀྱི་འདེམས་ཤོག་འཕེན་པའི་དུས་མཚམས། ཟླ་5ཚེས་23ཉིན་དེ་རིགས་གཅིག་མཁས་ཅན་གྱི་དཔྱད་འཇོག་ཉིན་མོ་དང་མཐའ་མའི་མཇུག་འབྲས་ཡོངས་བསྒྲགས་བྱེད་པའི་ཉིན་མོ་ཡིན་པ་རེད། བྱེད་སྒོའི་རིང་མི་སྒེར་དང་ཚོགས་པ་ཚང་མས་འདེམས་ཤོག་འཕེན་ཆོག་པ་དང་། LOGOགཟུགས་བརྙན་འཚོལ་བསྡུ་བྱེད་པ་དེ་མཛོད་དགེ་རྫོང་གི་ས་གནས་ཀྱི་རིག་གནས་ཁྱད་ཆོས་དང་ཡུལ་སྐོར་གྱི་ཁྱད་ཆོས་མངོན་དགོས་པ་ཕུད་ད་དུང་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་བྱེད་བདེ་དགོས་པ་དང་། དྲིལ་བསྒྲགས་ཀྱི་འབོད་ཚིག་དེ་རྒྱ་བོད་ཡིག་རིགས་གཉིས་སམ་ཡང་ན་རྒྱ་དབྱིན་ཡིག་རིགས་གཉིས་སྤྱོད་ཆོག་མོད། འོན་ཀྱང་ངེས་པར་དུ་ཡིག་འབྲུ་12ནང་ཚུན་དུ་ཚོད་འཛིན་བྱེད་དགོས། འགྲན་བསྡུར་ནང་ཞུགས་པའི་བརྩམས་ཆོས་ངེས་པར་དུ་གློག་རྡུལ་སྦྲག་སྐུར་བརྒྱུད་ནས་གཞུང་ཕྱོགས་ཀྱི་ཡིག་སྒམ་scly2016@163.comནང་བསྐུར་དགོས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་བྱེད་སྒོ་དེ་བརྩམས་ཆོས་འཚོལ་བསྡུ་བྱེད་པ་ཕུད་ད་དུང་ཕན་ཚུན་མཉམ་འགུལ་གྱི་ལྷུ་ཚིགས་བཟོས་ཡོད་པ་སྟེ། མཛོད་དགེའི་ཡུལ་སྐོར་མི་སྣས་གླེང་སྟེགས་དང་སྐད་འཕྲིན་སོགས་བརྒྱུད་ནས་དྲ་གྲོགས་དང་མཉམ་དུ་སྤེལ་རེས་བྱས་ཏེ། ཁོང་ཚོར་མཛོད་དགེའི་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་ངོ་སྤྲོད་བྱེད་པ་མ་ཟད། ད་རེས་འཚོལ་བསྡུ་བྱེད་སྒོའི་འབྲེལ་ཡོད་གནད་དོན་ལ་ལན་རྒྱག་རྒྱུ་ཡིན་པ་རེད། བྱེད་སྒོ་སྤེལ་རིང་བརྩམས་ཆོས་འཆར་འགོད་བྱེད་མཁན་ཁག་གཅིག་གིས་དྲ་གྲོགས་དབར་སྤེལ་རེས་བྱས་ཏེ། བརྩམས་ཆོས་དེ་ལས་མཛོད་དགེའི་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་དང་སྙིང་བཅུད་གང་དག་མངོན་ཚུལ་གསལ་བཤད་ཞིབ་ཕྲ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།