འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།"ཚོགས་སྒྲིག་རྣམ་པའི"སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་ལྷ་སར་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་19ཉིན། 08:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།'ཚོགས་སྒྲིག་རྣམ་པའི'སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་ལྷ་སར་སྤེལ་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་17ཉིན་སློབ་གསོ་པུའུ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་ཐོག་གཉེར་བའི"ཚོགས་སྒྲིག་རྣམ་པའི"སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་གྱི་འགོ་ཚུགས་དང་གསོ་སྦྱོང་ཚོགས་འདུ་ལྷ་སར་འཚོགས་ཤིང་། རྒྱལ་ཡོངས་ཀྱི་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱི་སློབ་གསོའི་སྡེ་ཚན་དང་སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་ཁོངས་གཏོགས་ཀྱི་སློབ་གྲྭ་འབྲིང་ཆུང་དང་། བོད་སྐྱོར་སློབ་གསོ་དོ་དམ་པ། བོད་ཀྱི་ས་གནས་དང་གྲོང་ཁྱེར་ཁག་གི་སློབ་གསོ་ཅུས། རོགས་སྐྱོར་ཐོབ་པའི་སློབ་གྲྭ་བཅས་དང་དེ་བཞིན་བོད་ལྗོངས་སློབ་གསོ་ཐིང་སོགས་འབྲེལ་ཡོད་ཚན་པའི་འགན་ཁུར་བ་ཚོགས་འདུར་ཞུགས་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན"ཚོགས་སྒྲིག་རྣམ་པའི"སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་བྱ་སྤྱོད་དེ་ལོ་ལྟར་བོད་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་ནས་རྐང་འཛིན་དགེ་རྒན་དང་དོ་དམ་ལས་བྱེད་པ་400ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་སློབ་གསོ་པུའི་ཁོངས་གཏོགས་ཀྱི་མཐོ་སློབ་བཅས་སུ་གནས་སྦྱ་སྦྱོང་བརྡར་དང་གཅིག་སྡུད་གསོ་སྦྱོང་བྱེད་པར་འདེམས་གཏོང་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།