འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷུག་རྩོམ་རྣལ་མ་《ཡང་རྩེའི་བོད་ལྗོངས་》ཞེས་པ་བསྐྱར་དུ་དཔེ་སྐྲུན་བྱས་པར་
    གདེང་འཇོག་ཡག་པོ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་22ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་2005ལོར་དཔེ་སྐྲུན་བྱས་པའི་ལྷུག་རྩོམ་《ཡང་རྩེའི་བོད་ལྗོངས་》ཞེས་པ་ཉེ་ཆར་བསྐྱར་དུ་དཔེ་སྐྲུན་བྱས་པ་རེད།
         《ཡང་རྩེའི་བོད་ལྗོངས་》ཞེས་པར་ཡིག་འབྲུ་ཁྲི་18ཙམ་ཟིན་ཞིང་། ནང་དོན《བོད་ཀྱི་ཚོར་སྣང་》དང་《བོད་ཀྱི་རང་གཤིས》 《བོད་ཀྱི་བླ་སྲོག་》བཅས་ཁག་གསུམ་དུ་བཀོད་ནས་རིམ་པ་བཞིན་ནང་དོན་ཇེ་ཟབ་ཀྱིས་བོད་ཀྱི་མི་ཆོས་དང་རང་བྱུང་གི་སྣང་ཚུལ་གསལ་བར་བྲིས་པ་དང་ཆབས་ཅིག རྩོམ་པ་པོའི་རང་བློའི་དུང་ཞེན་ཟབ་མོའང་ངང་གིས་མཚོན་ཐབས་བྱས་ཡོད་ཅིང་། དེར་ངོ་མཚར་བའི་བྱུང་རིམ་དང་། ཚོར་སྣང་ཁྱད་འཕགས་ཀྱི་ཚོར་སྣང་ལྡན་ཁར་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པས། ཐུན་མོང་མ་ཡིན་པའི་མི་ཆོས་ཀྱི་རིན་ཐང་གིས་བརྟས་ཡོད་པ་རེད།
         《ཡང་རྩེའི་བོད་ལྗོངས་》ཞེས་པ་དེ་དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་མཇུག་ཙམ་ལ་གསར་རྩོམ་བྱས་པ་དང་2005ལོར་དཔེ་སྐྲུན་བྱས་ཤིང་། ཐེངས་དང་པོ་འདོན་སྐབས་ཀློག་པ་པོའི་གདེང་འཇོག་ཡག་པོ་ཐོབ་ལ་བོད་ལ་ཡོང་མཁན་ཡུལ་སྐོར་བས་ཀྱང་དགའ་པོ་བྱེད་ཅིང་། ད་རེས་ཀློག་པ་པོས་རེ་འདུན་ལྟར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དེབ་དེ་ཡང་བསྐྱར་དཔེ་སྐྲུན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།