འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་མཐོ་སྒང་གི་འཁྱགས་ཀླུང་རྒྱུན་མཐུད་དེ་ཞུས་ནས་རྒྱ་ཆུང་དུ་འགྲོ་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་20ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།མཚོ་བོད་མཐོ་སྒང་གི་འཁྱགས་ཀླུང་རྒྱུན་མཐུད་དེ་ཞུས་ནས་རྒྱ་ཆུང་དུ་འགྲོ་བཞིན་ཡོད་པ།
         2016ལོའི་ཟླ་4ཚེས་19ཉིན་པར་དུ་བླངས་པའི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་ཁོངས་ཀྱི་མིད་སྟོད་འཁྱགས་ཀླུང་ཞུས་རྗེས་ཆགས་པའི་དར་རྡོག་མཚེའུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གིས་ཡུན་རིང་རྒྱང་ཚོར་དང་ས་ངོས་ནས་ལྟ་དཔྱད་ཚད་ལེན་བྱས་པ་ལས་མངོན་པར་གཞིགས་ན། འདས་པའི་ཧ་ལམ་ལོ་30ཡི་རིང་ལ་མཚོ་བོད་མཐོ་སྒང་དང་དེའི་ཉེ་འཁོར་ས་ཁུལ་གྱི་འཁྱགས་ཀླུང་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་5.3ནས་སྤྱི་ལེ་གྲུ་བཞི་མ་4.5རུ་རྒྱ་ཆུང་དུ་སོང་བས། གཞི་ཁྱོན་15%ཆུང་དུ་སོང་བ་རེད། རང་རྒྱལ་དུ་འཁྱགས་ཀླུང་46000ལྷག་ཙམ་ཡོད་ལ། གཙོ་བོ་མཚོ་བོད་མཐོ་སྒང་དུ་ཡོད་པ་རེད།
         《བོད་ལྗོངས་མཐོ་སྒང་གི་ཁོར་ཡུག་འགྱུར་ལྡོག་ལ་ཚག་རིག་དང་མཐུན་པའི་དཔྱད་དཔོག་》ཅེས་པའི་སྙན་ཞུ་གསར་ཤོས་དེ་ན་ནིང་ཟླ་བ་11པར་ཁྱབ་བསྒྲགས་བྱས་ཤིང་། སྙན་ཞུའི་ནང་བསྟན་པ་ལྟར་ན། བོད་ལྗོངས་མཐོ་སྒང་གི་ཁོར་ཡུག་འགྱུར་ལྡོག་བྱུང་བའི་ཁྱད་ཆོས་མངོན་གསལ་དོད་ཤོས་ནི་གནམ་གཤིས་དྲོ་རུ་ཕྱིན་པ་དང་བརླན་བཤེར་ཆེ་རུ་ཕྱིན་པ་རེད། འདས་པའི་ལོ་50རིང་ལ་བོད་ལྗོངས་མཐོ་སྒང་གི་གནམ་གཤིས་དྲོད་ཚད་ཆ་སྙོམས་སུ་ལོ་བཅུ་རེར་ཧྲེ་ཧྲི་ཏུའུ་0.23འཕར་གྱི་ཡོད་པས། དྲོད་ཚད་འཕར་ཚད་དེ་ནི་དུས་མཉམ་དུ་གོ་ལ་ཧྲིལ་པོའི་ དྲོད་ཚད་ཆ་སྙོམས་འཕར་ཚད་ཀྱི་ལྡབ་གཉིས་རེད། 
    【1】  【2】  【3】  【4】  【5】  【6】  【7】  【8】
    2016ལོའི་ཟླ་2ཚེས་21ཉིན་པར་དུ་བླངས་པའི་བོད་ལྗོངས་སྣ་དཀར་རྩེ་རྫོང་ཁོངས་ཀྱི་ཞུ་བཞིན་པའི་སྤྱང་གསང་ལ་མོ་འཁྱགས་ཀླུང་ཡིན་པ།
    2016ལོའི་ཟླ་2ཚེས་21ཉིན་པར་དུ་བླངས་པའི་བོད་ལྗོངས་སྣ་དཀར་རྩེ་རྫོང་ཁོངས་ཀྱི་ཞུ་བཞིན་པའི་སྤྱང་གསང་ལ་མོ་འཁྱགས་ཀླུང་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།