འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་སྲོལ་རྒྱུན་ཟློས་གར་《འགྲོ་བ་བཟང་མོ་》ཀྲུང་དབྱང་མི་རིགས་སློབ་ཆེན་
    དུ་འཁྲབ་སྟོན་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་21ཉིན། 09:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ཀྱི་སྲོལ་རྒྱུན་ཟློས་གར་《འགྲོ་བ་བཟང་མོ་》ཀྲུང་དབྱང་མི་རིགས་སློབ་ཆེན་
དུ་འཁྲབ་སྟོན་བྱ་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། བོད་ཀྱི་སྲོལ་རྒྱུན་ཟློས་གར་《འགྲོ་བ་བཟང་མོ་》གནའ་གྲོང་ལྷ་ས་ནས་ཐེངས་དང་པོར་འཁྲབ་སྟོན་བྱས་རྗེས། ཟློས་གར་འདི་ཉིད་ལ་རྒྱལ་ཁབ་ཀྱི་སྒྱུ་རྩལ་ཐེབས་རྩའི་རོགས་དངུལ་ཐོབ་པ་བརྒྱུད་རྒྱལ་ཡོངས་སུ་སྐོར་སྐྱོད་འཁྲབ་སྟོན་བྱ་རྒྱུ་གཏན་འཁེལ་བྱས་པ་རེད། ལར་ཟླ་4ཚེས་23ཉིན་དང་ཚེས་24ཉིན་གཉིས་ཀྱི་དགོང་མོའི་ཆུ་ཚོད་19:30ནས་21:00བར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཚོགས་ཁང་ཆེ་མོར་འཁྲབ་སྟོན་བྱ་རྒྱུ་རེད།
         ཟློས་གར་འདི་ཉིད་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞོལ་དམངས་ཁྲོད་ལྷ་མོ་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པ་ཡིན་ལ། དེའི་ནང་དོན་ནི་རྒྱལ་པོ་ཀཱ་ལ་དབང་པོས་རི་དྭགས་རྔོན་པའི་སྐབས་སུ་འགྲོ་བ་བཟང་མོ་དང་འཕྲད་ནས་བཙུན་མོར་བསུས་པ་དང་། འདྲེ་མོ་ཧ་ཅང་བདུད་མོ་ཕྲག་དོག་སྐྱེས་ཏེ་འགྲོ་བ་བཟང་མོ་ཕྲུ་གུ་བཙའ་བའི་དུས་ལ་སླེབས་པའི་སྐབས་སུ་རྫུ་འཕྲུལ་གྱིས་འགྲོ་བ་བཟང་མོར་ཉེས་འགལ་བྱས་པས། རྒྱལ་པོ་རྨོངས་ནས་འགྲོ་བ་བཟང་མོ་བྲག་ཕུག་ནང་དུ་བཅུག་པས་དེར་རྒྱལ་སྲས་དང་སྲས་མོ་བཙས་པ་རེད། འདྲེ་མོས་དུག་ཆང་དྲངས་ནས་རྒྱལ་པོ་གསོད་རྩིས་བྱེད་པའི་ལྐོག་ཇུས་ལྷང་ལ་བུད་པས་རྒྱལ་པོ་གློ་བུར་དུ་རྟོགས་སད་དེ་འདྲེ་མོར་སྲོག་ཁྲིམས་བཅད་ནས་རྒྱལ་སྲས་དང་སྲས་མོ་གཉིས་བསྐྱབས་པ་དང་། འགྲོ་བ་བཟང་མོ་མེ་ཏོག་པད་མར་གྱུར་ནས་བར་སྣང་དུ་འཕུར་བ་རེད། ཟློས་གར་འདིས་དགེ་སྡིག་དང་བཟང་ངན་བར་གྱི་འགལ་བ་གསལ་པོར་མཚོན་ནས་དྲང་བདེན་གྱིས་ངན་པ་ཕམ་པར་བྱེད་པའི་བརྗོད་བྱ་གཙོ་བོ་མངོན་གསལ་དུ་མཚོན་ཡོད་པ་རེད།
    ༄༅།།བོད་ཀྱི་སྲོལ་རྒྱུན་ཟློས་གར་《འགྲོ་བ་བཟང་མོ་》ཀྲུང་དབྱང་མི་རིགས་སློབ་ཆེན་
དུ་འཁྲབ་སྟོན་བྱ་རྒྱུ་ཡིན་པ།
    ༄༅།།བོད་ཀྱི་སྲོལ་རྒྱུན་ཟློས་གར་《འགྲོ་བ་བཟང་མོ་》ཀྲུང་དབྱང་མི་རིགས་སློབ་ཆེན་
དུ་འཁྲབ་སྟོན་བྱ་རྒྱུ་ཡིན་པ།
    ༄༅།།བོད་ཀྱི་སྲོལ་རྒྱུན་ཟློས་གར་《འགྲོ་བ་བཟང་མོ་》ཀྲུང་དབྱང་མི་རིགས་སློབ་ཆེན་
དུ་འཁྲབ་སྟོན་བྱ་རྒྱུ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།