འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་ཟབ་སྦྱོང་ཞིབ་འཇུག་
    འཛིན་གྲྭ་དང་པོ་གཉེར་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་21ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་ཟབ་སྦྱོང་ཞིབ་འཇུག་
འཛིན་གྲྭ་དང་པོ་གཉེར་འགོ་བརྩམས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་18ཉིན་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་ཟབ་སྦྱོང་ཞིབ་འཇུག་འཛིན་གྲྭ་དང་པོ་གཉེར་འགོ་བརྩམས་ཤིང་། བོད་ལྗོངས་ས་གནས་ཁག་ནས་ཡོང་བའི་ལྷ་རིས་ཀྱི་རྨང་གཞི་ངེས་ཅན་ཡོད་པའི་སློབ་མའམ་ལས་གཉེར་བྱེད་མཁན་མི་30གསོ་སྦྱོང་ནང་ཞུགས་པ་རེད། ཐེངས་འདིའི་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་ཟབ་སྦྱོང་ཞིབ་འཇུག་འཛིན་གྲྭ་དེ་ནི་གཙོ་བོར་བོད་ལྗོངས་ཀྱི་ལྷ་རིས་པའི་རྒྱུན་འཛིན་པ་དང་རྒྱུན་འཛིན་པ་ཚོར་དམིགས་ནས་གསོ་སྦྱོང་བྱེད་པ་དང་། གསོ་སྦྱོང་གི་དུས་ཡུན་ནི་ཟླ་བ་གཅིག་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། གསོ་སྦྱོང་ནང་དོན་ལ་བོད་ཀྱི་མཛེས་རྩལ་ལོ་རྒྱུས་གནད་བསྡུས་དང་། བོད་ཀྱི་སྲོལ་རྒྱུན་རྐོ་བཟོ། བོད་ཀྱི་དེང་རབས་སྒྱུ་རྩལ་སོགས་ཀྱི་སློབ་ཚན་ཡོད་པ་མ་ཟད། ལྷ་རིས་དང་རང་རྒྱལ་གྱི་སྲོལ་རྒྱུན་རི་མོ་འབྲི་རྩལ། སྐྱ་རིས་འབྲི་རྩལ་སྐོར་གྱི་འབྲེལ་ཡོད་སློབ་ཚན་ཡང་ཡོད་པ་རེད། སློབ་མ་ཚོ་ད་དུང་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ཁྲིད་སྦྱོང་རྟེན་གཞི་དང་། ཕོ་བྲང་པོ་ཏ་ལ། ནོར་བུ་གླིང་ག་སོགས་སུ་ལྟ་སྐོར་དང་སྤེལ་རེས་རྟོག་ཞིབ་བྱེད་པར་ཡང་བསྐྱོད་རྒྱུ་རེད།
    ༄༅།།བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་ཟབ་སྦྱོང་ཞིབ་འཇུག་
འཛིན་གྲྭ་དང་པོ་གཉེར་འགོ་བརྩམས་པ།
      

    ཕྱོགས་བསྡུས་གསར་འགྱུར།