འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མཚོ་སྣ་རྫོང་མི་རིགས་ཤང་སློབ་ཆུང་།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་19ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་མཚོ་སྣ་རྫོང་མི་རིགས་ཤང་སློབ་ཆུང་།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་མཚོ་སྣ་རྫོང་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཤར་ལྷོའི་སྣེ་རུ་ཡོད་པ་དང་དཔེ་མཚོན་ཅན་གྱི་མཐའ་མཚམས་རྫོང་ཞིག་རེད། ལེགས་པོ་ཆ་ཚང་སློབ་ཆུང་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆ་སྙོམས་སུ་སྨི་2800ཡོད་པའི་མག་མང་ཤང་དུ་ཡོད་ལ་རྫོང་མཁར་བར་ལམ་་ཐག་སྤྱི་ལེ་36ཡོད་ཅིང་། སློབ་གྲྭ་འདིའི་སློབ་མ་ཚང་མ་མཚོ་སྣ་རྫོང་ཁོངས་ཀྱི་མོན་པ་རིགས་ཤང་བཞི་ནས་ཡོང་བ་ཡིན་པ་དང་། སློབ་གྲྭ་འདིར་ད་ལྟ་དགེ་རྒན་དང་ལས་བཟོ་བ་12དང་སློབ་མ་46ཡོད་ཅིང་། དེ་ཚོའི་ཁྲོད་དུ་མོན་པ་རིགས་ཀྱི་སློབ་མ་38ཡོད། སློབ་གྲྭ་འདིས་ཉིན་གང་ལམ་ལུགས་ཀྱི་དོ་དམ་ལག་བསྟར་བྱེད་ཀྱི་ཡོད་པ་མ་ཟད"འགན་ལེན་གསུམ"གྱི་སྲིད་ཇུས་ལོངས་སྤྱོད་བྱེད་བཞིན་ཡོད་པ་དང་། མིག་སྔར་ཤང་བཞིའི་སློབ་ལོ་ལོན་པའི་བྱིས་པ་སློབ་ཞུགས་བྱས་ཚད་100%ཟིན་པ་རེད། མཚམས་སྦྱོར་བྱས་པ་ལྟར་ན། སློབ་མའི་ཟས་སྡོད་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད། དགེ་རྒན་ཚོས་ཕྱོགས་ཡོངས་ནས་སློབ་མའི་ཞག་སྡོད་དང་ཟ་འཐུང་གི་གནས་ཚུལ་དོ་དམ་བྱེད་འགན་འཁུར་བཞིན་ཡོད་པ་རེད། སློབ་གཙོ་རིག་འཛིན་གྱིས་གསར་འགོད་པར་རྒྱལ་ཁབ་ཀྱིས་བཏོན་པའི"གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོ་གཞི་གཅིག་དུ་འགྱུར་བར་འཕེལ་རྒྱས་གཏོང་རྒྱུའིའཐབ་ཇུས"དོན་འཁྱོལ་མཐར་ཕྱིན་བྱེད་ཆེད། སློབ་གྲྭས་འདི་ལོའི་ཟླ་5པ་ནས་བཟུང་སྒྲིག་ཆས་མཉེན་རིགས་དང་སྲ་རིགས་ཁྱོན་ཡོངས་ནས་རིམ་སྤར་བསྒྱུར་བཀོད་བྱ་རྒྱུ་ཡིན་པ་དང་། 2017ལོར་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་རེད།
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།བོད་ལྗོངས་མཚོ་སྣ་རྫོང་མི་རིགས་ཤང་སློབ་ཆུང་།
      

    ཕྱོགས་བསྡུས་གསར་འགྱུར།