འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཀརྨ་རོང་མཛེས་ལྗོངས་ཁུལ་དེ་ཟླ་5ཚེས་1ཉིན་ཕྱི་ཕྱོགས་ལ་སྒོ་དབྱེ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་22ཉིན། 09:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ད་ཆ་བོད་ཀྱི་ས་ཕྱོགས་གང་སར་ཁམ་བུའི་མེ་ཏོག་དང་། དཔྱིད་འགོའི་མེ་ཏོག་སོགས་བཞད་པས་མེ་ཏོག་གི་རྒྱ་མཚོ་ལྟ་བུར་གྱུར་ཞིང་། ཇོ་རིའི་ཤར་འདབས་སུ་གནས་པའི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཀརྨ་རོང་གི་རི་ལྡེབས་སུ་རྣམ་པར་བཀྲ་བའི་སྟག་མའི་མེ་ཏོག་ལྷུག་པོར་བཞད་དེ་ཕན་ཚུན་འགྲན་པ་ལྟར་དུ་སྣང་། གསར་འགོད་པས་དིང་རི་རྫོང་ཡུལ་སྐོར་ཅུས་ལ་འབྲེལ་བ་བྱས་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་གསར་པར་གཞིགས་ན། ཀརྨ་རོང་མཛེས་ལྗོངས་ཁུལ་དེ་ཡུལ་སྐོར་བར་སྒོ་ཕྱེ་བའི་དུས་ཚོད་ཟླ་5ཚེས་1ཡིན་པ་དང་། དེ་དུས་ཡུལ་སྐོར་བས་ཇོ་རིའི་འདབས་ཀྱི་རོང་ས་དམའ་པོའི་ཉམས་དགའི་ཐུན་མིན་མཛེས་ལྗོངས་ལ་མྱོང་རོལ་ཐུབ་ཀྱི་ཡོད་པ་རེད།
         “ཀརྨ་རོང་མཛེས་ལྗོངས་ཁུལ་དེ་ལོ་ལྟར་གྱི་ཟླ་5པ་ནས་10པ་བར་ཡུལ་སྐོར་བར་སྒོ་ཕྱེ་ཡི་ཡོད་ལ། ལོ་ལྟར་གྱི་ཟླ་བཞི་པ་ནས་དྲུག་པའི་བར་ཀརྨ་རོང་མཛེས་ལྗོངས་ཁུལ་གྱི་རི་ལྡེབས་གང་སར་སྟག་མའི་མེ་ཏོག་སྣ་ཚོགས་བཞད་ནས། རི་མོ་བའི་པིར་གྱི་འདུ་བྱེད་ལས་ཐོན་པའི་དེང་རབས་དང་སྲོལ་རྒྱུན་ཟུང་དུ་འབྲེལ་བའི་ངོ་མཚར་བའི་ཆུ་ཚོན་རི་མོའི་མཛེས་རིས་ཞིག་དང་འདྲ”ཅེས་དིང་རི་རྫོང་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།
          མི་རྣམས་ཀྱིས་དོ་སྣང་བྱེད་པའི་ཀརྨ་རོང་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ཐད། ཀརྨ་རོང་མཛེས་ལྗོངས་ཁུལ་དིང་རི་རྫོང་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་འདི་ལོར་ཀརྨ་རོང་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་དེ་སྔར་བཞིན་སྒོ་འཛིན་རིན་པའི་ཐོག་ཁོར་ཡུག་སྲུང་སྐྱོང་འགྲོ་གྲོན་མཉམ་བསྡུའི་བྱ་ཐབས་སྤྱོད་རྒྱུ་དང་། མཛེས་ལྗོངས་ཁུལ་དུ་ཡོང་མཁན་ཡུལ་སྐོར་བ་མི་རེར་སྤ་སེ་རེ་ཡིན་པ་དང་སྤ་སེ་རེའི་རིན་པ་སྒོར་180ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།