འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་སྙིང་ནད་སྨན་ཁང་ཡག་ཤོས་དེས་ཀྲུང་གོར་སྨན་བཅོས་ཀྱི་ཐོགས་མེད་བགྲོད་
    ལམ་ཤར་གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་22ཉིན། 09:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་18ཉིན་ཀྲུང་ཨ་སྨན་བཅོས་རིག་གནས་ལོ·ཨ་རིའི་སྨན་པ་ཀྲུང་གོར་བསྐྱོད་པའི་བྱེད་སྒོ་པེ་ཅིང་དུ་སྤེལ་ཞིང་། བྱེད་སྒོ་དེ་《བདེ་ཐང་སྐབས་དོན་ཚགས་པར་》ཁང་དང་ཧྲེང་ནུའོ་དབྱི་ཅ་སྨན་ཁང་དོ་དམ་བློ་འདྲི་ཚད་ཡོད་ཀུང་སིས་མཉམ་འབྲེལ་ཐོག་སྤེལ་བ་ཞིག་ཡིན། ཨ་རི་ཡོངས་ཀྱི་སྙིང་ནད་ཆེད་ཚན་ཐད་ལོ་21བསྟུད་མར་ཨང་དང་པོ་ཐོབ་པའི་ཁེ་ལི་ཕུའུ་ལན་གསོ་རིག་ལྟེ་གནས་ཀྱིས་ཀྲུང་གོར་དངོས་སུ་སྨན་བཅོས་ཀྱི་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱས་པ་རེད།
         བྱེད་སྒོ་སྤེལ་མཁན་ཕྱོགས་ཀྱིས་ངོ་སྤྲོད་བྱས་དོན། སླད་ཕྱིན་རྒྱལ་ནང་གི་ནད་པར་སྨན་བཅོས་དགོས་མཁོ་ཡོད་ན་འཕྲལ་དུ་དེའི་སྨན་བཅོས་ཀྱི་ཐོགས་མེད་བགྲོད་ལམ་བརྒྱུད་ཨ་རིའི་དབང་གྲགས་སྨན་བཅོས་སྒྲིག་གཞི་ཁེ་ལི་ཕུའུ་ལན་གསོ་རིག་ལྟེ་གནས་ཀྱི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་དང་དེ་བཞིན་གནས་འཁེལ་སྨན་བཅོས་ལོངས་སྤྱོད་ཐུབ་རྒྱུ་ཡིན་ཞིང་། ཀྲུང་གོར་སྨན་བཅོས་ཀྱི་ཐོགས་མེད་བགྲོད་ལམ་ཤར་གཏོང་ཐུབ་པ་དེས་ཀྲུང་གོའི་ནད་པ་དེ་བས་མང་བར་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་བྱ་རྒྱུ་དང་ཀྲུང་གོའི་ནད་པར་སྨན་བཅོས་གྲོན་དངུལ་ཉུང་འཕྲི་ངེས་ཅན་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།