འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་གཞིས་རྩེ་བསམ་གྲུབ་རྩེ་ཆུས་སུ་རིན་མེད་སློབ་འཁོར་ཚང་མར་ཁྱབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་18ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་གཞིས་རྩེ་བསམ་གྲུབ་རྩེ་ཆུས་སུ་རིན་མེད་སློབ་འཁོར་ཚང་མར་ཁྱབ་པ།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཆིང་ཏའོ་བོད་སྐྱོར་ལས་བྱེད་ཚོགས་ཆུང་ཁག་ཐེངས་བདུན་པས། ནང་སའི་སློབ་སྐྱེལ་རླངས་འཁོར་གྱི་ལས་ཀའི་ཉམས་མྱོང་མིག་དཔེ་བྱས་ཏེ། གཞིས་རྩེ་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ཀུང་སི་དང་གྲོས་མོལ་བྱས་ནས་སློབ་འཁོར་ཀུང་སི་བཙུགས་པ་དང་སྦྲགས་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་བྱེད་ཐབས་སྤྱད་དེ། བསམ་གྲུབ་རྩེ་ཆུས་ཀྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འབྲིང་ཆུང་སློབ་མ་སྐྱེལ་བསུ་བྱེད་ཀྱི་ཡོད་པས། ཆུས་ཡོངས་ཀྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་མ་7000ལྷག་ཙམ་བདེ་འཇགས་ལྡན་པའི་སྒོ་ནས་སྐྱེལ་བསུ་བྱེད་པའི་གནད་དོན་ཐག་གཅོད་ཐུབ་ཡོད། ཚོད་རྩིས་བྱས་པར་གཞིགས་ན། སློབ་འཁོར་གྱི་ཞབས་ཞུ་བརྒྱུད་ཞིང་དུད་ཀྱི་དུས་ཚོད་གྲོན་ཆུང་ཐུབ་པ་མ་ཟད། ཞིང་དུད་རེར་ལོ་ལྟར་སློབ་མ་སྐྱེལ་བསུའི་འགྲོ་སོང་ཆ་སྙོམས་སྒོར་260གྲོན་ཆུང་ཐུབ་ནས་ལོ་ལྟར་ཞིང་འབྲོག་པར་དངུལ་སྒོར་ཁྲི་160གྲོན་ཆུང་ཐུབ་ཡོད་ཅིང་། འདི་ནི་ཟླ་4ཚེས་15ཉིན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ལྟེ་བའི་སློབ་ཆུང་གི་ཞག་སྡོད་སློབ་མས་སློབ་འཁོར་བསྡད་དེ་ཁྱིམ་དུ་ལོག་རྩིས་བྱེད་པའི་གནས་ཚུལ་ཡིན་པ།
    ༄༅།།བོད་ལྗོངས་གཞིས་རྩེ་བསམ་གྲུབ་རྩེ་ཆུས་སུ་རིན་མེད་སློབ་འཁོར་ཚང་མར་ཁྱབ་པ།
    ༄༅།།བོད་ལྗོངས་གཞིས་རྩེ་བསམ་གྲུབ་རྩེ་ཆུས་སུ་རིན་མེད་སློབ་འཁོར་ཚང་མར་ཁྱབ་པ།
      

    ཕྱོགས་བསྡུས་གསར་འགྱུར།