འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་མགོ་ལོག་གི་ཞིང་ཕྱུགས་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་ཞིབ་བཤེར་ཚད་ལེན་
    ལྟེ་གནས་ཀྱི་རྣམ་གྲངས་སྐྲུན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་19ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཕྱུགས་རིགས་སྨན་པའི་ས་ཚིགས་ཀྱི་སྒོ་རའི་ནང་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཞིང་ཕྱུགས་ཐོན་ཟོག་སྤུས་ཚད་བདེ་འཇགས་ཀྱི་ཞིབ་བཤེར་ཚད་ལེན་ལྟེ་གནས་ཀྱི་རྣམ་གྲངས་སྐྲུན་འགོ་ཚུགས་པའི་མཛད་སྒོ་སྤེལ་བ་རེད།
         མགོ་ལོག་ཁུལ་ཞིང་ཕྱུགས་ཐོན་ཟོག་སྤུས་ཚད་བདེ་འཇགས་ཞིབ་བཤེར་ཚད་ལེན་ལྟེ་གནས་ཀྱི་རྣམ་གྲངས་འཛུགས་སྐྲུན་ནང་། ཚོད་ལྟ་ཁང་འཛུགས་སྐྲུན་དང་། ཚད་འཇལ་ཡོ་བྱད་ཉོ་སྒྲུབ། ལག་རྩལ་གསོ་སྦྱོང་བཅས་ཆ་ཤས་གསུམ་ཚུད་པ་དེར་མ་དངུལ་བསྡོམས་སྒོར་ཁྲི་1000བཏང་ཡོད། རྣམ་གྲངས་དེ་ལེགས་གྲུབ་ཟིན་རྗེས་ལོར་ཞིབ་བཤེར་ཚད་ལེན་བྱེད་ནུས་ཐེངས་ཁྲི་2ཡན་ཟིན་རྒྱུ་ཡིན་ཞིང་། དེས་རྟ་བོ་དང་དེ་བཞིན་མཐའ་འཁོར་ས་ཁུལ་གྱི་ཞིང་ཕྱུགས་ཐོན་ཟོག་སྤུས་ཚད་ལ་མགྱོགས་མྱུར་བདེ་འཇགས་ཞིབ་བཤེར་དབྱེ་ཞིབ་དང་སྤུས་ཚད་རྗེས་འདེད་བྱེད་ཐུབ་པ་དང་། ཞིང་ཕྱུགས་ཐོན་ཟོག་སྤུས་ཚད་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ཐེབས་ནས་དུས་ཐོག་ཏུ་ཞིང་ཕྱུགས་ཐོན་ཟོག་སྤུས་ཚད་ཀྱི་བདེ་འཇགས་འགུལ་རྣམ་ཆ་འཕྲིན་ཤེས་ཐུབ་པ་དང་། ཞིང་ཕྱུགས་ཐོན་ཟོག་སྤུས་ཚད་ལེགས་བཅོས་དང་མཐོ་རུ་གཏོང་རྒྱུར་སྐུལ་མ་ཐེབས་ཏེ། རྒྱ་ཆེའི་འཛད་སྤྱོད་པར་སྤུས་ལེགས་དང་། གནོད་མེད་ཀྱི་སྔོ་ཚལ་དང་ཞིང་ཕྱུགས་ཐོན་ཟོག་མཁོ་འདོན་ཐུབ་ཀྱི་ཡོད་པས། ཞིང་ཕྱུགས་ཐོན་ཟོག་བདེ་འཇགས་ཐོན་སྐྱེད་དང་བློ་བདེ་པོའི་ངང་འཛད་སྤྱོད་ཐུབ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་རྒྱུ་མ་ཟད། གཟན་ཆག་ལ་སྦྱོར་རྟ་བྱེད་རྒྱུར་ཚོད་འཛིན་ཐུབ་ནས། ཞིང་ཕྱུགས་ཐོན་རྫས་ཟོག་གི་ཐོན་སྐྱེད་མ་གནས་དམའ་རུ་སོང་ནས། སྣོད་བཅུད་ཁོར་ཡུག་ལེགས་སུ་དང་ཞིང་འབྲོག་ལས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ངོ་ནས་བརྗོད་ན་གལ་ཆེའི་དོན་སྙིང་ལྡན་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།