འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་རྒྱལ་ཡོངས་ཀྱི་གཅེས་སེམས་དཔེ་ཀློག་བྱེད་སྒོ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་19ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་17ཉིན། “གཏམ་རྒྱུད་དར་ཡུལ་དུ་སྐྱེལ”ཞེས་པའི་2016ལོའི་རྒྱལ་ཡོངས་ཀྱི་གཅེས་སེམས་དཔེ་ཀློག་བྱེད་སྒོ་པེ་ཅིང་དུ་འགོ་ཚུགས་ཤིང་། “དཔེ་ཀློག་དར་ཁྱབ་ཆེ་བའི་ཀྲུང་གོའི་པེ་ཅིང་དཔེ་ཀློག་དུས་ཚིགས”ཀྱི་གཙོ་གནད་བྱེད་སྒོ་དེས་བརླག་ལ་ཉེ་བའི་ཀྲུང་གོའི་དམངས་ཁྲོད་གཏམ་རྒྱུད་དེ་དག་ཐོན་ཡུལ་དུ་དར་ཁྱབ་གཏོང་བ་དང་། བསྐྱར་དུ་གསར་གཏོད་དང་གསལ་འགྲེལ་བརྒྱབ་པའི་གྲངས་ཉུང་མི་རིགས་ཀྱི་གཏམ་རྒྱུད་དེ་དག་འབྱུང་ཁུལ་དུ་སྐྱོང་ལན་གྱི་ཚུལ་དུ་འཇལ་བ། དཔེ་ཀློག་བརྒྱུད་ཐག་རིང་ལུང་ཁུག་ས་ཁུལ་གྱི་ཕྲུ་གུ་ཚོ་གསོ་སྐྱོང་བཅས་བྱ་རྒྱུ་དམིགས་ཡུལ་དུ་འཛིན་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། འགོ་འཛུགས་མཛད་སྒོའི་རྗེས་《ཀྲུང་གོའི་དམངས་ཁྲོད་བྱིས་སྒྲུང་མུ་འབྲེལ་》ཞེས་པའི་རི་མོའི་དཔེ་དེབ་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་གྱི་ཐག་རིང་ལུང་ཁུག་གི་སློབ་ཆུང་དང་བུ་བཅོལ་ཁང་སོགས་ལ་ཞལ་འདེབས་བརྒྱབ་ཏེ། ཕྲུ་གུ་དེ་བས་མང་བས་རི་མོའི་དཔེ་དེབ་དང་གཏམ་རྒྱུད་ཀྱི་བདུད་རྩི་མྱོང་ཐུབ་པ་བྱས་ནས་དཔེ་ཀློག་གི་འདོད་མོས་འཕེལ་བ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།