འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་མེ་ཀུང་གཙང་པོའི་སྨད་རྒྱུད་རྒྱལ་ཁབ་ཀྱི་ཐན་སྐྱོན་ཞི་ལྷོད་དུ་གཏོང་རོགས་
    བྱས་པར་ཁམ་ཕུ་ཁྲེས་བསྔགས་བརྗོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་19ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་17ཉིན་ཁམ་ཕུ་ཁྲེའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུས་གསལ་བསྒྲགས་སྤེལ་ནས་ཀྲུང་གོས་ཐན་སྐྱོན་ཐོན་པའི་མེ་ཀུང་གཙང་པོའི་སྨད་རྒྱུད་ལ་ཆུ་བཏང་བའི་བྱ་ཐབས་དེས་ཀྲུང་གོ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་དབར་གྱི་མཉམ་ལས་ཀྱི་འབྲེལ་བ་བཟང་པོ་མཚོན་ཡོད་ཅེས་བཤད་པ་རེད།
         གསལ་བསྒྲགས་ནང“ཉེ་ཆར་ཀྲུང་གོ་སྲིད་གཞུང་གིས་ཟླ་འདིའི་ཚེས་11ཉིན་ནས་ཡུན་ནན་ཞིང་ཆེན་གྱི་ཅིང་ཧུང་ཆུ་ཤུགས་གློག་ཁང་ནས་སླར་ཡང་མེ་ཀུང་གཙང་པོའི་སྨད་རྒྱུད་ལ་ཆུ་བཏང་སྟེ་མེ་ཀུང་གཙང་པོའི་སྨད་རྒྱུད་རྒྱལ་ཁབ་ཀྱི་ཐན་སྐྱོན་ཞི་ལྷོད་དུ་གཏོང་རོགས་བྱས་པའི་བྱ་ཐབས་ལ་ཁམ་ཕུ་ཁྲེས་དགའ་བསུ་ཞུ་རྒྱུ་ཡིན” “བྱ་ཐབས་དེས་ཁམ་ཕུ་ཁྲེ་ཚུད་པའི་མེ་ཀུང་གཙང་པོའི་སྨད་རྒྱུད་རྒྱལ་ཁབ་ཀྱི་ཐན་སྐྱོན་ཞི་ལྷོད་དུ་གཏོང་ཕྱིར་གལ་འགངས་ཆེ་བའི་ནུས་པ་ཐོན་པ་དེ་ཐོག་ནས་ཀྲུང་གོ་དང་མེ་ཀུང་གཙང་པོ་རྒྱུད་ཀྱི་རྒྱལ་ཁབ་ཁག་གིས་ཆུའི་ཐོན་ཁུངས་དོ་དམ་བྱེད་པའི་ཐད་མཉམ་ལས་ཀྱི་འབྲེལ་བ་བཟང་པོ་ཡོད་པ་སླར་ཡང་ར་སྤྲོད་བྱུང་ཡོད”ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།