འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུས་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་དང་ཐོན་ཚད་བསྡམས་བཅད་བྱ་རྒྱུའི་ཐད་གྲོས་
    མཐུན་འཇོག་རེ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་19ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་12ཉིན་ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོའོ་ཕུའུ་ཡིས་ཨུ་རུ་སུས་ཕྱོགས་ཁག་གིས་འཚོག་ཉེར་ཡོད་པའི་འཛམ་གླིང་གི་རྡོ་སྣུམ་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་གཙོ་བོའི་ཚོགས་འདུའི་ཐོག་ཐོན་ཚད་བསྡམས་བཅད་བྱ་རྒྱུའི་གྲོས་མཐུན་འཇོག་ཐུབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
         ཕེ་སི་ཁོའོ་ཕུའུ་ཡིས་ཚེས་17ཉིན་ཁ་ཐར་གྱི་རྒྱལ་ས་ཏོ་ཧ་རུ་འཚོག་ཉེར་ཡོད་པའི་འཛམ་གླིང་གི་རྡོ་སྣུམ་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་གཙོ་བོའི་ཚོགས་འདུའི་ཐོག་ཚོགས་ཞུགས་རྒྱལ་ཁབ་ལ་རྡོ་སྣུམ་ཐོན་ཚད་བསྡམས་བཅད་བྱ་རྒྱུའི་ཐད་གྲོས་མཐུན་འཇོག་ཐུབ་རྒྱུའི་རེ་བ་ཆེན་པོ་ཡོད་ཅེས་སྨྱན་སྦྱོར་ལ་བརྗོད་པ་རེད།
         དེ་གོང་ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུས་སོ་ཏི་ཨ་རབ་དབར་ཉིན་ཤས་གོང་རྡོ་སྣུམ་ཐོན་ཚད་བསྡམས་བཅད་བྱ་རྒྱུའི་ཐད་མཐུན་ཆ་བྱུང་བ་དང་། སོ་ཏི་ཨ་རབ་ཀྱིས་དབྱི་རན་དེའི་ནང་ཞུགས་མིན་ལ་བསམ་གཞིག་མི་བྱེད་པའི་གནས་ཚུལ་འོག་བསྡམས་བཅད་བྱེད་མིན་གཏན་འཁེལ་བྱ་རྒྱུ་རེད། ཨུ་རུ་སུའི་ནུས་རྒྱུ་པུའི་པུའུ་ཀྲང་ནུའོ་ཝ་ཁེ་དང་སོ་ཏི་ཨ་རབ་ཀྱི་རྡོ་སྣུམ་བློན་ཆེན་ནཱ་དབྱི་སྨི་གཉིས་ཀྱིས་གཟའ་འཁོར་འདིའི་ནང་ཁ་པར་ཐོག་ནས་གྲོས་མོལ་བྱས་ཏེ་རྡོ་སྣུམ་གྱི་ཐོན་ཚད་བསྡམས་བཅད་བྱེད་པའི་ཐད་ཀྱི་མདུན་ལམ་ལ་གྲོས་བསྡུར་བྱས་ཡོད་པ་རེད། ཁ་པར་རྒྱབ་རྗེས་ཕེ་སི་ཁོའོ་ཕུའུ་ཡིས་རྒྱལ་ཁབ་གཉིས་པོའི་དབར་བསྡོམས་བཅད་ཀྱི་གྲོས་མཐུན་འཇོག་རེ་ཡོད་ཅེས་བརྗོད་པ་དང་། སོ་ཏི་ཨ་རབ་ཀྱིས་དེའི་ཐད་དཔྱད་མོལ་གང་ཡང་བྱས་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།