འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཉག་ཆུ་རྫོང་གི་ཤ་མོ་རླམ་རྩྭ་ཕོ་སུལ་ལ་དགའ་འོས་པའི་ཐོན་ལེགས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་19ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་དཀར་མཛེས་ཁུལ་ཉག་ཆུ་རྫོང་དུ་གཞི་ཁྱོན་ཆེ་བའི་ཤ་མོ་རླམ་རྩྭ་ཕོ་སུལ་ཕོན་ཆེན་ཐོན་ནས། སྐྱེ་ཚུལ་དགའ་འོས་པ་ཞིག་ཡོད་པས་འདེབས་འཛུགས་དུད་ཆེན་ལ་ཐོན་ལེགས་ཡག་པོ་བྱུང་ཡོད་པ་རེད།
         ཉག་ཆུ་རྫོང་གིས་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བསམ་ཕྱོགས་ལ་གཞིགས་ནས། འདེབས་འཛུགས་ལས་རིགས་ཀྱི་ནང་ངོས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། ས་ཁམས་དང་གནམ་གཤིས་ཀྱི་ལེགས་ཆ་ནས་འགོ་བཙུགས་ཏེ་ས་ཁོངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་། ཐོན་སྐྱེད་ཀྱི་མངོན་མེད་སྟོབས་ཤུགས་སྔོག་འདོན། ས་ཞིང་གི་རིན་ཐང་ཞོར་སྣོན་མཐོར་གཏོང་བཅས་བྱེད་པ། ཞིང་པར་འབབ་འཕར་ཡོང་རྒྱུ་དམིགས་ཡུལ་གཙོ་བོར་བྱས་ནས་འཚམ་མཐུན་རང་བཞིན་གྱི་ལེགས་སྒྲིག་ནས་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་ལ་བསྒྱུར་མགྱོགས་སུ་གཏོང་བ་བཅས་བྱས་ནས། ས་གནས་དེ་གའི་ས་ཁོངས་ཐོན་ཁུངས་ཀྱི་ཁྱད་ཆོས་དང་འཚམ་པའི་བཟའ་བཅའི་ཤ་མོའི་ཐོན་ལས་རིམ་བཞིན་བཙུགས་ཡོད་པ་རེད།
         ཤ་མོ་རླམ་རྩྭ་ཕོ་སུལ་ནི་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་སྤུས་ལེགས་ཤ་མོའི་རིགས་ཤིག་ཡིན་ཞིང་། དེར་འཚོ་བཅུད་ཕུན་སུམ་ཚོགས་པ་དང་། འདེབས་འཛུགས་མ་གནས་དམའ་བ། འདེབས་སྟངས་སྟབས་བདེ་བ། གཡོག་བྱེད་བྱེད་བདེ་བའི་ཁྱད་ཆོས་ཡོད་ཅིང་། འགྱིག་ཤོག་ནང་བླུགས་ནས་འདེབས་གསོ་བྱེད་མི་དགོས་པས་ཁྱིམ་ཚང་མང་པོས་འདེབས་རྒྱུར་འཚམ་པ་ཡོད། དེས་མ་ཚད་རྒྱུ་ཆ་གྲོན་ཆུང་ཆེ་བ་དང་འགྱིག་ཤོག་ནང་བླུགས་པའི་ཤ་མོའི་རྒྱུ་ཆའི་གསུམ་ཆ་གཅིག་ལས་དགོས་ཀྱི་མེད། དེའི་ནང་ཤ་མོའི་སོན་བསྲེས་ནས་ཞིང་ཁའི་ནང་ཐད་ཀར་བཏབ་ཆོག ལོ་ཕྱེད་སོང་རྗེས་ཤ་མོ་ཐོན་ནས་དེའི་ཐོན་ཚད་མཐོ་ལ་ཁྲོམ་རའི་མདུན་ལམ་རྒྱ་ཆེ་ཞིང་སྦགས་བཙོག་མེད་ཁར། ཤ་མོའི་བེད་མེད་ཟོག་རོ་ནི་སྐྱེ་ལྡན་ལུད་ཡག་ཤོས་ཡིན་པས་མང་ཚོགས་ཕྱུག་འགྱུར་གྱི་རྣམ་གྲངས་ཡག་པོ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།