འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཁྭ་ཏོར་གྱི་ས་ཡོམ་ཁྲོད་དུ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་272དུ་འཕར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་18ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཨེ་ཁྭ་ཏོར་གྱི་ས་ཡོམ་ཁྲོད་དུ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་272དུ་འཕར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་17ཉིན་ཨེ་ཁྭ་ཏོར་རྒྱལ་ཁབ་ཀྱི་ཙུང་ཐུང་ཁོ་ལེ་ཡས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐུའེ་ཐེ་(Twitter)སྟེང་དུ་ཨེ་ཁྭ་ཏོར་རྒྱལ་ཁབ་ནུབ་བྱང་རྒྱུད་ཀྱི་མཚོ་འགྲམ་ས་ཁུལ་དུ་ས་ཡོམ་རིམ་པ་7.8བྱུང་ནས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་272ལ་འཕར་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
         ཁོ་ལེ་ཡ་ཡིས་མཱ་ན་ཝེ་ཞིང་ཆེན་དུ་གནོད་འཚེ་ཚབས་ཆེན་བྱུང་ཞིང་། ས་ཡོམ་བྱུང་ས་ལྟེ་གནས་ཕའེ་ཏེ་ན་ལའེ་སི་ས་ཁུལ་དུ་གཏོར་བརླག་ཚབས་ཆེན་ཐེབས་པ་རེད། མིག་སྔའི་ཁ་ཚ་དགོས་གཏུག་ཆེ་བའི་ལས་འགན་ནི་ཞིག་རོའི་ཁྲོད་ནས་མི་སྐྱོབ་ཐབས་གང་མགྱོགས་ཅི་མགྱོགས་བྱ་རྒྱུ་དེ་ཡིན་ཞེས་བཤད་པ་རེད།
    ཨེ་ཁྭ་ཏོར་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་ཀེ་ལ་སི་ཉིན་དེར་གནོད་ཐེབས་ས་ཁུལ་དུ་འབྱོར་ནས་ཡོམ་འགོག་གེགས་སེལ་ལས་དོན་ལ་བཀོད་འདོམས་བྱས་པ་དང་། རྒྱལ་ཡོངས་ཀྱི་མང་ཚོགས་ཚང་མས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་མཐུན་སྒྲིལ་མཐའ་འཁྱོངས་བྱ་དགོས་ཞེས་འབོད་སྐུལ་བཏང་བ་རེད། ཀེ་ལ་སིས་ཁོ་ལེ་ཡས་མིང་རྟགས་བཀོད་པའི་ཙུང་ཐུང་བཀའ་རྒྱ་ལྟར་ན། ཨེ་ཁྭ་ཏོར་རྒྱལ་ཁབ་ཟླ་བ་གཉིས་རིང་དུ་ཛ་དྲག་ཆེ་བའི་རྣམ་པར་གནས་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས་པ་རེད། 
    【1】  【2】  【3】  【4】  【5】
    ༄༅།།ཨེ་ཁྭ་ཏོར་གྱི་ས་ཡོམ་ཁྲོད་དུ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་272དུ་འཕར་བ།
      

    ཕྱོགས་བསྡུས་གསར་འགྱུར།