འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་གྱི་ཅིའུ་ཀྲོའུ་རུ་མུ་འབྲེལ་ས་ཡོམ་ཆེན་པོ་བྱུང་ནས་ཉུང་མཐའ་ཡང་མི་41རྐྱེན་
    ལམ་དུ་ཤོར་བ་དང་མི་11གར་སོང་ཆ་མེད་དུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་18ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    དང་བླངས་པ་ཚོས་གནོད་ཐེབས་མི་སེར་རོགས་རམ་བྱེད་བཞིན་ཡོད་པ།
    དང་བླངས་པ་ཚོས་གནོད་ཐེབས་མི་སེར་རོགས་རམ་བྱེད་བཞིན་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་17ཉིན་རི་པིན་རྒྱང་སྒྲོག་མཐུན་ཚོགས་ཀྱིས་གནས་འཕྲིན་སྤེལ་བ་ལྟར་ན། ཟླ་4ཚེས་14ཉིན་དང་ཚེས་16ཉིན་གཉིས་ལ་རི་པིན་ཅིའུ་ཀྲོའུ་ཡི་ཞུང་པིན་རྫོང་དུ་མུ་འབྲེལ་ས་ཡོམ་ཆེན་པོ་བྱུང་བ་ལས་སྔ་ཕྱི་སྡེབ་རྩིས་བྱས་ན་ཉུང་མཐའ་ཡང་མི་41རྐྱེན་ལམ་དུ་ཤོར་བ་དང་མི་3000ལྷག་ལ་རྨས་སྐྱོན་ཕོག་པ་རེད། ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཕོག་ཁུལ་ཞུང་པིན་རྫོང་གི་ལྷོ་རྒྱུད་ཀྱི་ཨ་སུའུ་གྲོང་ཚོར་ད་དུང་མི་11གར་སོང་ཆ་མེད་དུ་གྱུར་པ་རེད།
    ཟླ་4ཚེས་17ཉིན་ཞུང་པིན་རྫོང་གི་ཡི་ཁྲེན་ཏིང་དུ་གྲོང་མིས་འཚོ་བའི་མཁོ་ཆས་ཁྱེར་ནས་གནོད་ཐེབས་གཞུང་ལམ་དུ་འགྲོ་བཞིན་པ།
    ཟླ་4ཚེས་17ཉིན་ཞུང་པིན་རྫོང་གི་ཡི་ཁྲེན་ཏིང་དུ་གྲོང་མིས་འཚོ་བའི་མཁོ་ཆས་ཁྱེར་ནས་གནོད་ཐེབས་གཞུང་ལམ་དུ་འགྲོ་བཞིན་པ།
    ཟླ་4ཚེས་17ཉིན་ཞུང་པིན་རྫོང་གི་ཡི་ཁྲེན་ཏིང་དུ་སྐྱེས་པ་ཞིག་གིས་རྐང་འཁོར་ཁྲིད་འཐེན་བྱེད་བཞིན་གནོད་ཐེབས་བགྲོད་ལམ་དུ་འགྲོ་བཞིན་པ།
    ཟླ་4ཚེས་17ཉིན་ཞུང་པིན་རྫོང་གི་ཡི་ཁྲེན་ཏིང་དུ་སྐྱེས་པ་ཞིག་གིས་རྐང་འཁོར་ཁྲིད་འཐེན་བྱེད་བཞིན་གནོད་ཐེབས་བགྲོད་ལམ་དུ་འགྲོ་བཞིན་པ།
    ཟླ་4ཚེས་17ཉིན་ཞུང་པིན་གྲོང་ཁྱེར་དུ་ལག་རྩལ་མི་སྣ་འགས་ཞུང་པིན་གྲོང་ཁྱེར་ལྟེ་གནས་ཀྱི་བཟོ་བཀོད་ལ་གནོད་སྐྱོན་ཐེབས་ཚུལ་དཔྱད་དཔོག་བྱེད་བཞིན་པ།
    ཟླ་4ཚེས་17ཉིན་ཞུང་པིན་གྲོང་ཁྱེར་དུ་ལག་རྩལ་མི་སྣ་འགས་ཞུང་པིན་གྲོང་ཁྱེར་ལྟེ་གནས་ཀྱི་བཟོ་བཀོད་ལ་གནོད་སྐྱོན་ཐེབས་ཚུལ་དཔྱད་དཔོག་བྱེད་བཞིན་པ།
    ཟླ་4ཚེས་17ཉིན་ཞུང་པིན་རྫོང་གི་ཡི་ཁྲེན་ཏིང་དུ་མེ་གསོད་མེ་འགོག་མི་སྣས་གནོད་ཐེབས་བཟོ་བཀོད་ཀྱི་མངོན་མེད་ཉེན་སྐྱོན་ལྟ་བཤེར་བྱེད་བཞིན་པ།
    ཟླ་4ཚེས་17ཉིན་ཞུང་པིན་རྫོང་གི་ཡི་ཁྲེན་ཏིང་དུ་མེ་གསོད་མེ་འགོག་མི་སྣས་གནོད་ཐེབས་བཟོ་བཀོད་ཀྱི་མངོན་མེད་ཉེན་སྐྱོན་ལྟ་བཤེར་བྱེད་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།