འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཐའེ་ཅིའི་རིག་གནས་དུས་ཆེན་སྐབས་དང་པོར་བོད་ལྗོངས་ཀྱིས་གསེར་གྱི་རྟགས་མ་9བླངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་18ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་15ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་དྲག་རྩལ་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བ་ལྟར་ན། "སན་ཡ་ནན་ཧྲན"ཞེས་པའི་འཛམ་གླིང་ཐའེ་ཅིའི་རིག་གནས་དུས་ཆེན་སྐབས་དང་པོ་2016ལོའི་ཟླ་4ཚེས་8ཉིན་ནས་ཚེས་12ཉིན་གྱི་བར་དུ་ཧའེ་ནན་སན་ཡ་རུ་གཏོང་འགོ་རྩོམ་ཞིང་། ཀྲུང་གོ་དང་། ཨ་མེ་རི་ཁ། དབྱི་ཐ་ལི། ཧྥ་རན་སི། ཨུ་རུ་སུ་སོགས་ཀྱི་རྒྱལ་ཁབ་ནས་ཕེབས་པའི་ལུས་རྩལ་པ་གྲགས་ཅན་100ལྷག་དང་འགྲན་ཞུགས་པ་1800ལྷག་རིག་གནས་དུས་ཆེན་ལ་ཞུགས་པ་རེད། འགོ་ཚུགས་མཛད་སྒོའི་སྟེང་དུ། བོད་རང་སྐྱོང་ལྗོངས་ཀྱི་དྲག་རྩལ་མཐུན་ཚོགས་ཀྱིས་སྤྲོ་སེམས་རབ་ཏུ་འཕེལ་བ་དང་ཁྱད་ཆོས་ལྡན་པའི་མི་རིགས་གཟབ་ཆས་སྤྲས་ནས་ཐའེ་ཅིའི་སྐོར་སྐྱོད་ཆེན་པོར་ཞུགས་པ་མ་ཟད། ཀྲུའུ་ཞིའི་སྟེགས་བུའི་སྟེང་དུ་ཐའེ་ཅིའི་འགྲེམས་འཁྲབ་བྱས་ནས་འཛམ་གླིང་ཡོངས་ཀྱི་ས་གནས་སོ་སོའི་འགྲན་ཞུགས་མི་སྣ་རྣམས་ཀྱི་དོ་ཁུར་ཐོབ་པ་རེད།
         འཛམ་གླིང་ཐའེ་ཅི་རིག་གནས་དུས་ཆེན་སྐབས་དང་པོའི་སྤེལ་རེས་འགྲན་བསྡུར་ཆེན་མོ་བྱེད་སྐབས་བོད་ལྗོངས་ཀྱི་འཐུས་མི་རུ་ཁག་གིས་དབྱང་རླུང་གིས་བཟི་བ་དང་ཚ་བ་ཆེ་བའི་དཀའ་ཁག་ཁྱད་བསད་བྱས་ནས་གསེར་གྱི་རྟགས་མ་9དང་། དངུལ་གྱི་རྟགས་མ་12། ཟངས་ཀྱི་རྟགས་མ་4བཅས་ཀྱི་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།