འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་18ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྤེལ་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་16ཉིན་གྱི་དགོང་མོར་པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་དྲུག་པ་པེ་ཅིང་གྲོང་ཁྱེར་ཧུའེ་རོའུ་ཆུས་ཡན་ཞི་ཧུའུ་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་སྤེལ་འགོ་ཚུགས་པ་དང་། རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་འཁྲབ་སྟོན་པ་དང་འཁྲབ་ཁྲིད་པ་གྲགས་ཅན་བརྒྱ་ཕྲག་འགའ་ཞིག་གློག་བརྙན་དུས་ཆེན་གྱི་འགོ་ཚུགས་མཛད་སྒོར་སྐྱོད་པའི་ས་གདན་དམར་པོའི་སྟེང་ཕེབས་ཡོད་པ་སྟེ། ཧའོ་ལའེ་ཝུའུ་གློག་བརྙན་ཁང་གི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ན་ཐ་ལི་•པོ་ཐེ་མན་དང་ཁེ་ལི་སི་ཐུའོ་ཧྥུ་•ཝར་ཚི་དང་། ཁོ་རེ་ཡ་ལྷོ་མའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ལི་རྨིན་ཧའོ་དང་། ལི་ཀྲེང་ཙའེ། ཀྲེང་ཙའེ་ཡན་བཅས། དེ་བཞིན་ཀྲུང་གོའི་ལིའུ་ཡུའེ་དང་། ཀྲོའུ་རོན་ཧྥ། ལིའང་ཅ་ཧུའེ་སོགས་ཕེབས་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】
    ༄༅།།པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྤེལ་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།