འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲི་ཀ་རྫོང་གི་ཙོང་ཁ་ལབ་ཙེ་ཆེན་མོར་འཛམ་གླིང་ཅི་ཉི་སི་ཟིན་ཐོའི་མཚན་སྙན་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་18ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་ཙོང་ཁ་ལབ་ཙེ་ཆེན་མོར་འཛམ་གླིང་ཅི་ཉི་སི་ཟིན་ཐོའི་འདྲི་རྩད་པེ་ཅིན་ཚད་ཡོད་ཀུང་ཟིས། ཅི་ཉི་སི་ཟིན་ཐོ་བསྐྲུན་པའི་ལབ་ཙེ་ཆེས་ཆེན་པོ་ཞེས་པའི་མཚན་སྙན་གནང་བ་རེད།
         གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོ་དེ། སྒོ་མེ་ཉག་གའི་ལབ་ཙེ་མདུན་ནས་སྤེལ་ཞིང་། འཛམ་གླིང་ཅི་ཉི་སི་ཟིན་ཐོའི་ཨེ་ཤེ་ཡ་ས་ཁུལ་གྱི་བདེན་དཔང་དཔོན་པོ་ལྕམ་ཝུའུ་ཞའོ་ཧུང་གིས། གཟི་བརྗིད་དཔང་ཡིག་དེ་དངོས་སུ་ཁྲི་ཀ་རྫོང་གི་རྫོང་དཔོན་གཞོན་པ། ཡུལ་སྐོར་དོ་དམ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་རྒྱལ་ལོའི་ལག་ཏུ་བཞག་ནས་བསྒྲགས་དོན། ཀྲུང་གོ་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་ཡུལ་སྐོར་གསར་སྤེལ་དོ་དམ་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བསྐྲུན་པའི་ཙོང་ཁ་ལབ་ཙེ་ཆེན་མོའི་སྤྱིའི་མཐོ་ཚད་ལ་སྨི་སོ་བདུན་ཡོད་ཅིང་། བཟོ་སྐྲུན་སྤྱིའི་རྒྱ་ཁྱོན་ལ་སྨིས་གྲུ་བཞི་མ་སྟོང་གཅིག་དང་དྲུག་བརྒྱ་དོན་གཉིས་ལྷག་ཟིན་ཡོད་པས། མིག་སྔའི་བར་དུ་འཛམ་གླིང་སྟེང་ཆེས་ཆེ་བའི་ལབ་ཙེ་ཡི་མཚན་སྙན་གནང་བ་ཡིན་ཟེར། ༼ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་དྲ་བ། ༽
      

    ཕྱོགས་བསྡུས་གསར་འགྱུར།