འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་རྒྱལ་ཡོངས་ཀྱི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ལས་དོན་ཚོགས་འདུའི་
    ཐོག་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལས་དོན་ཁག་ལ་སྐུལ་འདེད་
    གཏོང་དགོས་ཞེས་ཁ་གསལ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་18ཉིན། 09:11】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་16ཉིན་གསར་འགོད་པར་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་གསལ། 2016ལོའི་རྒྱལ་ཡོངས་ཀྱི་དཔལ་འབྱོར་ལམ་སྲོལ་སྒྱུར་བཅོས་ལས་དོན་ཚོགས་འདུ་ཉིན་ཤས་གོང་འཚོགས་པ་དང་ཚོགས་འདུའི་ཐོག་འདི་ལོར་ཁྱབ་གདལ་གཏོང་རྒྱུའམ་ཡང་ན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱ་རྒྱུའི་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལས་དོན་མང་པོ་ཞིག་བཀོད་སྒྲིག་བྱས་ཡོད་པ་རེད།
         ཚོགས་འདུའི་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་འཛུགས་ལོ་ཞིག་ཡིན་ལ་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་འགག་སྒྲོལ་ལོ་ཞིག་ཀྱང་ཡིན་པའི་འདི་ལོར་ཕྱོགས་གཅིག་ནས་འཐེན་ཁྲིད་ནུས་པ་གལ་ཆེན་ལྡན་པའི་སྒྱུར་བཅོས་ཀྱི་བྱེད་ཐབས་གསར་པ་འདོན་རྒྱུར་དམ་འཛིན་བྱེད་པ་དང་ཕྱོགས་གཞན་ཞིག་ནས་བཏོན་པའི་སྒྱུར་བཅོས་ཇུས་གཞི་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་མི་དམངས་མང་ཚོགས་ཚོར་ཐོབ་ཚོར་སྔར་བས་མང་བ་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
         ཚོགས་འདུའི་ཐོག་ཁྱབ་ཁོངས་ཁག་གི་གཙོ་གནད་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་ཞེས་གསལ་པོར་བཏོན་པ་སྟེ། གཅིག་ནས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། གཉིས་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུ་དང་། ལྷུག་གཏོང་དང་དོ་དམ་གཉིས་ཟུང་དུ་སྦྲེལ་རྒྱུ། ཞབས་འདེགས་ཞུ་སྟངས་ལེགས་སུ་གཏོང་རྒྱུ་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་པ། གསུམ་ནས་མ་འཇོག་དང་མ་དངུལ་མཉམ་བསྡུའི་སྒྲིག་སྲོལ་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་དགོས་པ། བཞི་ནས་རིན་གོང་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ། ལྔ་ནས་རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ། དྲུག་ནས་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་སྒྲིག་སྲོལ་གསར་པ་གཏོད་དགོས་པ། བདུན་ནས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ། བརྒྱད་ནས་སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།