འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ལུའུ་ཧྲན་ས་ཡོམ་གེགས་ཁུལ་གྱིས་དོ་དམ་གསར་གཏོད་བྱས་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་
    གང་ལེགས་འདོན་ཐུབ་པ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་18ཉིན། 09:15】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ལུའུ་ཧྲན་ས་ཡོམ་གེགས་ཁུལ་གྱིས་དོ་དམ་གསར་གཏོད་བྱས་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་
གང་ལེགས་འདོན་ཐུབ་པ་བྱས་པ།
         མི་དམངས་དྲ་བའི་འཕྲིན། ལུའུ་ཧྲན་དུ་གེགས་རྗེས་བསྐྱར་སྐྲུན་བྱེད་རིང་པའོ་ཤིང་རྫོང་ཞོལ་ཧྲན་གྲོང་ཚོས་རིམ་ཁག་དབུལ་སྐྱོར་སྡེ་ཚན་དང་། གྲོང་ཁྱེར་གྱི་ཚོགས་སྤྱིའི་རྩ་འཛུགས་ཀྱི་སྤྱི་ཚོགས་ཞབས་ཞུའི་ལྟེ་གནས། ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་སོགས་སྤྱི་ཚོགས་རྩ་འཛུགས་ཀྱི་ཤུགས་ཆེའི་རོགས་སྐྱོར་འོག་ཅ་ཏུའོ་པའོ་ཚོགས་པའི་གནས་གཏན་འཁེལ་གྱི་རོགས་སྐྲུན་མཉམ་འབྲེལ་ཡོང་བ་བྱས་ནས“བསྐྱར་སྐྲུན་དང་དབུལ་སྐྱོར”ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་གསར་གཏོད་ཀྱིས་བསྐྱར་སྐྲུན་དང་དབུལ་སྐྱོར་གཞི་ཚུགས་སར་བྱས་པས་ཞོལ་ཧྲན་གྲོང་ཚོ་དེ་ཉིད་གྲོང་གསེབ་ཀྱི་དམངས་ཀྱི་སྡོད་ཁང་དང་ཐོན་ལས་བསྐྱར་སྐྲུན་གྱི“མཛེས་སྡུག་ལྡན་པའི་གྲོང་ཚོ”ཞེས་པའི་དཔེ་སྟོན་གྲོང་ཚོ་བདེ་བླག་ངང་བཏོད་ཡོད།
         ས་ཡོམ་གྱི་གནོད་འཚེའི་རྗེས་སུ་སྤྱི་ཚོགས་ཀྱི་སྟོབས་ཤུགས་འབོར་ཆེན་གེགས་རྗེས་བསྐྱར་སྐྲུན་ནང་ཧུར་ཐག་ཞུགས་ཡོད། ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་རྒྱ་ཆེའི་སྤྱི་ཚོགས་རྩ་འཛུགས་དང་དང་བླངས་པ་ཚོ་ཡོམ་འགོག་གེགས་སེལ་ནང་ཞུགས་རྒྱུ་དང་གཡག་རྔ་གྲོང་ཁྱེར་གྱི་སྤྱི་ཚོགས་ཀྱི་དོ་དམ་བྱེད་སྟངས་གསར་གཏོད་བྱ་ཆེད་རྒྱལ་ཡོངས་ཀྱི་ཡོམ་འགོག་གེགས་སེལ་གྱི་སྤྱི་ཚོགས་རྩ་འཛུགས་དང་དང་བླངས་པའི་ཞབས་ཞུའི་ལྟེ་གནས་ཐོག་མ་དེ་བསྐྲུན་ནས་སྤྱི་ཚོགས་སྟོབས་ཤུགས་ཀྱིས་ནུས་པ་འདོན་རྒྱུར་ཁྲིད་སྟོན་བྱས་ཤིང་། འདི་ནི་གཡག་རྔ་གྲོང་ཁྱེར་པའོ་ཤིང་རྫོང་ཞོལ་ཧྲན་གྲོང་ཚོའི་རྣམ་པ་གསར་པ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།