འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་སྲོ་ལོ་དམར་པོ་མི་ཐབས་ལ་བརྟེན་ནས་འདེབས་རྒྱུ་ལེགས་གྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་18ཉིན། 08:58】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཚོང་འཕྲིན་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ད་ཕན་ལོ་ཤས་རིང་སྲོ་ལོ་དམར་པོའི་ལུས་ཁམས་གསོ་བའི་རིན་ཐང་མཐོ་རུ་འགྲོ་བ་དེ་མི་དེ་བས་མང་བས་ཤེས་རྟོགས་བྱུང་ནས་སྲོ་ལོ་དམར་པོའི་ཐོན་ཁུངས་གསར་སྤེལ་བྱེད་མཁན་ཀྱང་མང་དུ་འགྲོ་བཞིན་ཡོད། སྲོ་ལོ་དམར་པོ་དེ་ཉིད་བོད་ཀྱི་རིམ་པ་དང་པོའི་སྟོངས་ལ་ཉེ་བའི་བོད་སྨན་སྨན་རྩྭའི་ཁོངས་སུ་བཅུག་པ་དང་། ཕྱི་རོལ་ཡུལ་དུ་འཐུ་རྒྱུ་གཏན་འགོག་བྱས་ནས་སྲུང་སྐྱོང་དགོས་གལ་ཤིན་ཏུ་ཆེ་བའི་གནས་སུ་གྱར་ཡོད།
         ཉེ་ཆར་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱུང་བར། སྲོ་ལོ་དམར་པོའི་ཐོན་ཁུངས་སྲུང་སྐྱོང་བྱ་ཆེད། སུའོ་དེས་ཧྲང་ཧའེ་ཤང་དབྱི་པན་ཚའོ་བྱུག་རྫས་མ་རྐང་ཚད་ཡོད་ཀུང་སི་དང་ཚན་རྩལ་རྣམ་གྲངས་མཉམ་ལས་གྲོས་མཐུན་བཞག་སྟེ་སྲོ་ལོ་དམར་པོ་སྐྱོན་བྲལ་གསར་སྤེལ་དང་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
         བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་པད་མ་གཡུ་སྒྲོན་གྱིས་ད་ཕན་ལོ་ཤས་རིང་མི་རྣམས་ཀྱིས་སྲོ་ལོ་དམར་པོ་གསར་སྤེལ་བྱེད་ཚད་མང་དུ་སོང་བ་དང་བསྟུན་ནས་ཐོན་ཁུངས་དེ་ད་ཆ་སྟོངས་ཉེའི་གནས་ལ་གྱར་ཡོད་ཅེས་ངོ་སྤྲོད་བྱས།
         པད་མ་གཡུ་སྒྲོན་གྱིས་2008ལོར་སྲོ་ལོ་དམར་པོར་ཞིབ་འཇུག་བྱེད་འགོ་ཚུགས་པ་དེའང་དཀོན་ཤིང་རྩ་ཆེའི་ཐོན་ཁུངས་དེ་རིགས་ལ་སྲུང་སྐྱོང་བྱ་ཆེད་ཡིན་པ་རེད། པད་མ་གཡུ་སྒྲོན་གྱིས་ཞིབ་འཇུག་ལོ་8དང་དཀའ་ངལ་ཐེངས་མང་ཁྱད་བསད་བྱས་པ་བརྒྱུད་ང་ཚོས་མི་ཐབས་ལ་བརྟེན་ནས་སྲོ་ལོ་དམར་པོ་ལེགས་གྲུབ་ལྡན་པའི་ངང་འདེབས་ཐུབ་པ་བྱུང་། རྣམ་གྲངས་ལག་ལེན་བསྟར་བ་ནས་བཟུང་ང་ཚོས་སྲོ་ལོ་དམར་པོའི་ལྗང་གསོའི་ལག་རྩལ་ཞིབ་འཇུག་སོགས་ཀྱི་ཚོད་ལྟ་བྱས་པ་ཡིན། མིག་སྔར་ཚོད་ལྟ་དེ་དག་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།