འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།“ནུབ་རྒྱུད་འབྲི་གཡག”གིས་ཤར་ལྷོའི་ཞིང་ཆེན་མང་པོ་དང་མཉམ་དུ་བོད་རིགས་ས་ཁུལ་གྱི་
    བོད་སྐྱོར་ལས་དོན་ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་18ཉིན། 08:55】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ས་བབ་མཐོ་ཚད་སྨི་3500ཡན་གྱི་ས་མཐོའི་ཁུལ་དུ་འཚོ་བའི་འབྲི་གཡག་ནི་བོད་རིགས་ས་ཁུལ་མི་དམངས་ཀྱི་འཚོ་བའི་ནང་མེད་དུ་མི་རུང་བ་ཞིག་ཡིན། ད་ཆ་དེང་རབས་ཅན་དུ་གོམ་སྟབས་མགྱོགས་པོས་སྐྱོད་པའི་བོད་རིགས་ས་ཁུལ་གྱི་དཀར་ཆུའི་ལས་རིགས་དེ་ས་གནས་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི“ནུས་ཚད་གསར་པར”གྱུར་ཡོད།
         རིང་མིན་གོང་ནུབ་རྒྱུད་འབྲི་གཡག་ཐོན་ལས་ཚོགས་པ་སོགས་དཀར་ཆུའི་ཐོན་རྫས་ལས་རིགས་ཀྱི་འཐུས་མིས་ཕུའུ་ཅན་ཆོན་ཀྲོའུ་རུ་གཉེར་བའི་ཐོན་རྫས་འགྲེམས་སྟོན་ཐོག་དེང་གི་བོད་རིགས་ས་ཁུལ་གྱི་འབྲོག་ལས་འཕེལ་རྒྱས་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་འབྲེལ་ཤར་ལྷོའི་ཞིང་ཆེན་མང་པོའི་ཁེ་ལས་ཀྱི་འཐུས་མི་དང་རིགས་གཅིག་མཁས་ཅན་200དང་སྤེལ་རེས་གཏིང་ཟབ་བྱས་ཏེ་བོད་རིགས་ས་ཁུལ་གྱི་ཐོན་ལས་དབུལ་སྐྱོར་ལ་ཕྱི་ཕྱོགས་དང་མཉམ་ལས་བྱེད་པའི་ཐབས་ལམ་གསར་པ་བཏོད་ཡོད།
         “འབྲི་གཡག་གསོ་མཁན་འབྲོག་དུད་རེར་ལོ་ལྟར་འབབ་འཕར་སྒོར་ཁྲི་2ལྷག་ཙམ་ཡོང་བ་དེ་ནུབ་རྒྱུད་ས་ཁུལ་ངོས་ནས་བརྗོད་ན་ཡོང་འབབ་མི་ཉུང་བ་ཞིག་རེད”ཅེས་སི་ཁྲོན་ཧུང་ཡོན་འབྲིའི་འོ་མའི་ལས་རིགས་ཀྱི་སྤྱི་ཁྱབ་ཅིང་ལི་ཧྥན་ཞའོ་ཐའོ་ཡིས་ངོ་སྤྲོད་བྱས། ཀུང་སི་དེས་སི་ཁྲོན་རྔ་པ་ཀྲོའུ་ཧུང་ཡོན་རྫོང་དང་དེ་བཞིན་ཉེ་འཁོར་བོད་རིགས་ས་ཁུལ་གྱི་འབྲོག་ལས་ལ་བརྟེན་ནས་ཡུན་རིང་ནང་ས་གནས་དེ་གའི་འབྲོག་དུད་6000ལྷག་ཙམ་དང“ཁ་ཕྱོགས་གཏན་འཁེལ”དང་། “དུས་ཚོད་གཏན་འཁེལ”“རིན་གོང་གཏན་འཁེལ”བཅས་ཀྱི་ཐོན་སྐྱེད་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ་ས་གནས་དེ་གའི་མི་འབོར་10%ལ་ལས་ཞུགས་གོ་སྐབས་བཏོད་ཡོད།
         “འཛམ་གླིང་དུ་འབྲི་གཡག་མགོ་གྲངས་ཁྲི་1700ཙམ་ལས་མེད་པའི་ནང་ནས་མགོ་གྲངས་ཁྲི་1400མཚོ་བོད་ས་མཐོར་ཡོད་པ་དེ་དག་ནི་ནུབ་རྒྱུད་ཀྱིས་དེང་རབས་ཅན་གྱི་དཀར་ཆུའི་ལས་རིགས་འཕེལ་རྒྱས་གཏོང་བའི་ཆེས་རྩ་བ་ཆེ་ཤོས་ཀྱི་ཐོན་ཁུངས་ཡིན”ཞེས་ནུབ་རྒྱུད་འབྲི་གཡག་ཐོན་ལས་ཚོགས་པའི་ཏུང་ཧྲི་ཀྲང་ཞེ་ཅན་གྱིས་བཤད། ས་གནས་དེ་གའི་དཀར་ཆུའི་ཐོན་རྫས་ཀྱི་འཕྲོད་བསྟེན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་ཀུང་སི་དེས་འབྱུང་འགྱུར་ལོ་གཉིས་ནང་བོད་རིགས་ས་ཁུལ་ལ་དེང་རབས་ཅན་གྱི་འོ་མའི་ས་ཚིགས་300ཙམ་སྐྲུན་རྒྱུ་དང་སི་ཁྲོན་དང་། བོད་ལྗོངས། མཚོ་སྔོན། ཀན་སུའུ་བཅས་ཀྱི་ས་ཁུལ་དུ་ཁྱབ་པའི“འབྲི་གཡག་ཐོན་ལས་དཔལ་འབྱོར་ཁུལ”གཏོད་དེ་ཁེ་ལས་དང་བོད་རིགས་མང་ཚོགས“ཐུན་མོང་འཕེལ་རྒྱས་དང་ཐུན་མོང་ཕྱུག་འགྱུར”ཐུབ་པ་བྱ་རྒྱུ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་སྲིད་ཇུས་ཁྲིམས་སྲོལ་སིའི་དེ་སྔའི་སི་ཀྲང་། རྒྱལ་ཁབ་བཟའ་བཅའ་དང་འཚོ་བཅུད་བློ་འདྲི་ཨུ་ལྷན་གྱི་ཨུ་ཡོན་ལིའུ་ཕུའུ་ཧོ་ཡིས་བོད་རིགས་ས་ཁུལ་དུ་དར་རྒྱས་འགྲོ་བཞིན་པའི་དེང་རབས་ཅན་གྱི་དཀར་ཆུའི་ལས་རིགས་ནི་ཞིང་ལས་ཐོན་ལས་ཅན་དང་གནད་སྨིན་དབུལ་སྐྱོར་གྱི་དཔེ་མཚོན་ཡིན་པས་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།