འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུས་རང་རྒྱལ་ཁབ་ཀྱི“ཨ་ལི་པ་པ”གཏོད་འདོད་ཆེ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་13ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཨུ་རུ་སུའི་《ཚོང་པའི་ཚགས་པར་》ཐོག་གནས་ཚུལ་སྤེལ་བར། ཨུ་རུ་སུའི་དཔལ་འབྱོར་འཕེལ་རྒྱས་པུས“ཨུ་རུ་སུའི་པར་མའི་ཨ་ལི་པ་པ”རྣམ་གྲངས་ཤིག་ཞིབ་འཇུག་བྱས་ནས་བཏོན་པའི་དམིཌ་ཡུལ་ནི་གཅིག་གྱུར་དྲ་སྦྲེལ་གྱི་ལས་སྟེཌ་སྤྱད་ནས་ཨུ་རུ་སུའི་ཐོན་རྫས་ཕྱིར་གཏོང་བྱ་རྒྱུ་དེ་རེད།
         གནས་ཚུལ་སྤེལ་བར་གཞིགས་ན། རྣམ་གྲངས་འདིས་གཅིག་སྡུད་ཀུང་སི་འཛུགས་རྒྱུ་ཡིན་ཞིང་། བྲིན་ཚོང་དང་། འགག་སྒོ། ཟོག་འགྲེམས། གཏོང་སྤྲོད། ཡིད་རྟོན་དངུལ་བུན་སོགས་གཞི་གཅིག་དུ་བསྡུ་རྒྱུ་དང་ཆབས་ཅིག་ཨ་ལི་པ་པ“གོ་ལ་ཧྲིལ་པོའི་མྱུར་བྲིན་ཀུན་ཁྱབ”དང་། ཅིང་ཏུང་ཚོང་གྲོང་། ཨ་རིའི་ཡ་མ་ཤུན། དབྱི་པེ་བཅས་དང་མཉམ་ལས་ཀྱང་བྱ་རྒྱུ་རེད། ཨུ་རུ་སུའི་ས་གནས་དེ་གའི་གློག་རྡུལ་ཚོང་ཁང་མང་པོས་རྣམ་གྲངས་དེའི་ནང་ཞུགས་འདོད་ཆེ་བའི་རྟགས་མཚན་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།