འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཆེན་གངས་རྒྱབ་ཏུ་2016ལོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལྐོག་རྔོན་ལ་
    ངོ་རྒོལ་བྱེད་པའི་བྱ་སྤྱོད་ཐེངས་དང་པོ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་13ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “ང་ཚོས་འདི་ལོའི་ལྐོག་རྔོན་ལ་ངོ་རྒོལ་བྱེད་པའི་སྐོར་སྲུང་བྱ་སྤྱོད་ཐེངས་དང་པོ་མཇུག་འགྲིལ་རྗེས་དོགས་པ་ཡོད་པའི་གནས་ཚུལ་ཅི་ཡང་ཤེས་རྟོགས་མ་བྱུང་། འདིའི་ཐོག་ནས་2016ལོའི་ཨ་ཆེན་གངས་རྒྱབ་ཏུ་དྲག་ཆས་སྐོར་སྲུང་བྱ་སྤྱོད་དེ་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་ཡོད”ཅེས་ཚེས་8ཉིན་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ནགས་ཚལ་སྤྱི་བདེ་ཡན་ལག་ཅུས་ཀྱི་ཅུས་ཀྲང་ལུའོ་ཡན་ཧའེ་ཡིས་ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་པ་རེད།
         ཨ་ཆེན་གངས་རྒྱབ་ནི་མཚོ་སྔོན་ཞིང་ཆེན་གྱི་ནུབ་བྱང་མཚམས་ཏེ། མཚོ་བོད་ས་མཐོའི་ལྟེ་བར་གནས་ཤིང་། སྲུང་སྐྱོང་ཁུལ་ཧྲིལ་པོའི་ས་བབ་མཐོ་ཚད་ཆ་སྙོམས་སྨི་4600ཡན་ཟིན་པས་གནམ་གཤིས་ཧ་ཅང་ངན་ལ། ཀྲུང་གོའི་མི་མེད་ཁུལ་ཆེ་ཤོས་ཡིན་པ་རེད།
         དུས་རབས་གོང་མའི་ལོ་རབས་90ཚུན་དུ་ཨ་ཆེན་གངས་རྒྱབ་ས་ཁུལ་དུ་གཙོད་ལྐོག་རྔོན་དང་དེར་ངོ་རྒོལ་བྱེད་པའི་དོན་རྐྱེན་ཡང་ཡང་ཐོན་ཞིང་། དེ་ནི་འཛམ་གླིང་གླེང་ཕྱོགས་ཀྱི་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད།
         ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་ཡོན་དགའ་ཡིས་ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ལོ་བཅུ་ལྷག་ཙམ་རིང་སྲུང་སྐྱོང་ཧུར་ཐག་དང་ཁྲིམས་ལྟར་རྡུང་རྡེག་བཏང་བ་བརྒྱུད། གཙོད་ལྐོག་རྔོན་བྱེད་པའི་གྱོད་གཞི་ཉེ་བའི་ལོ་ཤས་རིང་ཇེ་ཉུང་ནས་ཇེ་ཉུང་དུ་སོང་བ་དང་། 2006ལོའི་རྗེས་ནས་བཟུང་ཁུ་ཁུ་ཤི་རི་སྲུང་སྐྱོང་ཁུལ་ནང་དུ་གཙོད་ལྐོག་རྔོན་བྱས་པའི་གྱོད་གཞི་གཅིག་ཀྱང་ཐོན་མེད། མིག་སྔའི་བར་དུ་ཁུཨ་ཆེན་གངས་རྒྱབ་སྲུང་སྐྱོང་ཁུལ་དང་དེ་བཞིན་དེའི་མཐའ་འཁོར་ས་ཁུལ་གྱི་གཙོད་གྲངས་ཁྲི་6ལྷག་ཙམ་ཟིན་ནས། ལྐོག་རྔོན་བྱེད་སྤྱོད་ཐོན་མང་ཤོས་ཀྱི་དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་མཇུག་གི་གཙོད་གྲངས་ཁྲི་1ལྷག་ཙམ་དང་བསྡུར་ན་གཙོད་ཁྲི་5ལྷག་ཙམ་མང་དུ་ཕྱིན་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།