འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།"ཁ་བ་རི་པར་སེམས་འགུལ་ཐེབས"ཞེས་པའི་ལོ་འཁོར་གྱི་མི་སྒེར་དང་མཉམ་སྡེབ་བདམས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་13ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། སྐམ་དམག་མཚོ་བོད་དམག་ཚུགས་པུས"ཁ་བ་རི་པར་སེམས་འགུལ་ཐེབས"ཞེས་པའི་ལོ་འཁོར་གྱི་མི་སྒེར་དང་མཉམ་སྡེབ་ལ་བྱ་དགའ་སྤྲོད་པའི་དགོང་ཚོགས་འཚོགས་ནས། སྒྱུར་བཅོས་ཀྱིས་དམག་དཔུང་སྟོབས་ཆེར་གཏོང་བའི་དུས་རབས་ཀྱི་འབོད་སྒྲ་ས་མཐོའི་དམག་སྒར་དུ་ཁྱབ་པར་བྱས།
          2013ལོ་ནས་བཟུང་། སྐམ་དམག་མཚོ་བོད་དམག་ཚུགས་པུས"སྤྱིར་བཏང་ལ་དོ་ཁུར་དང་། སེམས་འགུལ་བརྒྱུད་སྤྲོད། ཉམས་འགྱུར་ངོམས"ཞེས་པའི་བརྗོད་དོན་གཙོ་བོར་བྱས་ནས། དཔོན་དམག་དང་། ལས་བཟོ། ནང་མི་བཅས་ཀྱི་ཁྲོད་དུ་ལོ་གཉིས་རེར"ཁ་བ་རི་པར་སེམས་འགུལ་ཐེབས"ཞེས་པའི་ལོ་འཁོར་གྱི་མི་སྒེར་དང་མཉམ་སྡེབ་འདེམས་པའི་བྱེད་སྒོ་སྤེལ་ཞིང་། ད་ཐེངས་ཀྱི་དཔྱད་འདེམས་ལ་གཞི་རིམ་ནས་འོས་སྦྱོར་དང་། ལས་ཁུངས་ཀྱིས་ཞིབ་བཤེར་གཏན་འཁེལ། འདེམས་ཤོག་འཕེན་ནས་དཔྱད་འདེམས་བྱེད་པ་སོགས་གོ་རིམ་བརྒྱུད་ནས། "ཁ་བ་རི་པར་སེམས་འགུལ་ཐེབས"ཞེས་པའི་ལོ་འཁོར་གྱི་མི་གྲངས་5དང་མཉམ་སྡེབ་1བདམས་ཡོད་པ་རེད། ཤེས་རྟོགས་བྱུང་བར། ད་ཐེངས་བདམས་ཐོན་བྱུང་བའི་2015ལོ་འཁོར་གྱི་མི་སྒེར་དང་མཉམ་སྡེབ་ཚང་མ་འཐབ་ས་དང་པོ་ནས་ཡིན་པ་དང་། ཁོང་ཚོས་སེམས་ཐག་གཙང་བཅད་ཀྱིས་དམག་དཔུང་སྟོབས་ཆེར་གཏོང་བ་དང་། ལས་བཀུར་ལེགས་སྐྱེས། རྒན་བཀུར་གཉེན་སྐྱོང་སོགས་བླ་ན་མེད་པའི་ཀུན་སྤྱོད་ལ་བརྟེན་ནས་མཚོ་བོད་ལམ་གྱི་དཔོན་དམག་ཚོའི་མིག་དཔེར་གྱུར་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།