འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོར་བོད་ལྗོངས་ཀྱིས་གྲོང་གསེབ་ཀྱི་སྐད་གཉིས་བུ་བཅོལ་ཁང་250བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་13ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར་བོད་ལྗོངས་ཀྱིས་གྲོང་གསེབ་ཀྱི་སྐད་གཉིས་བུ་བཅོལ་ཁང་250བསྐྲུན་ནས་གནས་གཏན་འཁེལ་གྱིས་སྐད་གཉིས་དགེ་རྒན་དང་རིག་ཚན་ཁ་ཐང་བའི་དགེ་རྒན་1000གསོ་སྐྱོང་བྱས་ཏེ་དགེ་རྒན་800ཡི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་རྒྱུ་མ་ཟད། རྫོང་14ཡི་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ལ་ཚོད་སྐོར་དང་ཞིབ་བཤེར་རྩིས་ལེན་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”ལས་དོན་ཁག་བདེ་བླག་ངང་སྤེལ་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་རེད།
         2016ལོར་བོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་བུ་ཕྲུག་གི་སློབ་གསོའི་རོགས་སྐྱོར་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་མཐོ་རིམ་སློབ་གསོའི་དུས་མཚམས་སུ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། དེ་དང་ཆབས་ཅིག་གནས་གཏན་འཁེལ་གྱི་སློབ་བསྡུའི་ཆེད་དོན་འཆར་གཞི་ལག་བསྟར་བྱས་ཏེ་ཞིང་འབྲོག་པའི་བུ་ཕྲུག་གིས་མཐོ་རིམ་སློབ་གསོ་དང་ལེན་བྱེད་ཚད་མཐོ་རུ་གཏོང་རྒྱུ་རེད།
         སློབ་ཞུགས་གོང་གི་སློབ་གསོ་དང་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གསོ་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་བ་ཕུད། 2016ལོར་བོད་ཀྱིས་ད་དུང་སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་སྤུས་ཚད་མཐོར་གཏོང་གི་འཆར་གཞི་ལག་བསྟར་བྱས་ནས། བྱང་ཚད་སློབ་གསོ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་《གཞི་རིམ་སློབ་གསོའི་དུས་མཚམས་ཀྱི་སློབ་ཚན་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རང་བྱུང་ཚན་རིག་ཚན་ཁག་གི་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》དང་། 《སློབ་གསོ་ཞིབ་འཇུག་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》བཟོས་ཏེ་སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་ཚད་ལྡན་དང་། སློབ་ཁྲིད་ཞིབ་འཇུག སློབ་གསོ་དོ་དམ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་བཙུགས་ནས་བྱང་ཚད་སློབ་གསོའི་ཚོད་སྐོར་ལས་དོན་སྤེལ་རྒྱུ་ཡིན་པ་རེད།
         གཞན་ཡང་2016ལོར་བོད་ཀྱིས་སློབ་ཚན་ཇུས་གཞི་བཟོ་བ་དང་འཐུས་ཚང་དུ་བཏང་སྟེ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་སློབ་ཚན་འདང་ངེས་བཞིན་བཀོད་སྒྲིག་བྱ་རྒྱུ་རེད། འབྲེལ་ཡོད་ཀྱི་བླང་བྱ་གཞིར་བཟུང་སློབ་གྲྭ་འབྲིང་ཆུང་གིས་རྨང་གཞིའི་ཤེས་བྱ་དང་གཞི་རྩའི་རྩལ་ནུས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ལྷག་པར་དུ་རྩིས་རིག་དང་། དངོས་ཁམས། རྫས་འགྱུར་སོགས་རང་བྱུང་ཚན་རིག་ཚན་ཁག་གི་སློབ་ཚན་དང་ཚོད་ལྟའི་ལག་ལེན་གྱི་སློབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་ཚན་སློབ་ཁྲིད་ཀྱི་ཉམས་ཞན་ལྷུ་ཚིགས་གཙོ་གནད་ཐོག་ཚད་བརྒལ་བྱ་རྒྱུ་རེད། ལྗོངས་ཡོངས་ཀྱིས་སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་བགྲོ་གླེང་ཚོགས་འདུ་དང་། ལྗོངས་ཡོངས་ཀྱི་དམའ་རིམ་སློབ་འབྲིང་གི་དགེ་རྒན་གྱི་སློབ་ཁྲིད་འགྲན་བསྡུར་ཆེ་མོ། ལྗོངས་ཡོངས་ཀྱི་དམིགས་བསལ་སློབ་གསོའི་སློབ་ཁྲིད་འགྲན་བསྡུར་ཆེ་མོ་བཅས་བྱས་པ་བརྒྱུད་སློབ་གསོ་པུའི་མི་རིགས་སློབ་གསོ་འཕེལ་རྒྱས་ལྟེ་གནས་དང་མཉམ་འབྲེལ་ཐོག་སློབ་གཞི་ཞིབ་འཇུག་བྱ་རྒྱུ་དང་། སློབ་གསོ་སློབ་ཁྲིད་ཀྱི་སྤེལ་རེས་དང་མཉམ་ལས་ཟབ་གཏོང་སོགས་ཀྱི་བྱ་ཐབས་སྤྱད་ནས་སློབ་གསོའི་སྤུས་ཚད་ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་ཆབས་ཅིག་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མའི་ཕྱོགས་བསྡུས་བྱང་ཚད་ལ་གདེང་འཇོག་དང་སྦྱངས་འབྲས་རྒྱུགས་ལེན་བྱས་ནས། མཐོ་རིམ་སློབ་འབྲིང་གི་སློབ་གསོ་སྣ་མང་ཅན་དང་ཁྱད་ལྡན་ཅན་གྱི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།