འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་སུམ་འཛོམས་གྲོང་རྡལ་དུ་རྟ་རྒྱུག་འགྲན་བསྡུར་དང་དམངས་སྲོལ་རིག་
    གནས་དུས་ཆེན་དགའ་གཏོང་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་08ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཟླ་4ཚེས་5ཉིན་སུམ་འཛོམས་དགོན་གྱི་བྱམས་པའི་སྐུ་གདན་ཞུའི་ཡུལ་དངོས།
    ཟླ་4ཚེས་5ཉིན་སུམ་འཛོམས་དགོན་གྱི་བྱམས་པའི་སྐུ་གདན་ཞུའི་ཡུལ་དངོས།
         མི་དམངས་དྲ་བའི་འཕྲིན། སུམ་འཛོམས་གྲོང་རྡལ་ནི་བོད་ལྗོངས་སྤོ་མེས་རྫོང་དུ་ཡོད་ཅིང་། གྲོང་རྡལ་དེའི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ལ། རང་བྱུང་ཡུལ་ལྗོངས་ངོ་མཚར་ཡིད་དུ་འོང་བ་ཞིག་ཡིན། སུམ་འཛོམས་དགོན་པ་ནི་སུམ་འཛོམས་གྲོང་རྡལ་གྱི་ཧོར་རྒྱལ་རི་བོའི་འདབས་ཀྱི་ནགས་ཡུལ་གྲོང་ཚོའི་ས་ཁོད་སྙོམས་པའི་བདེ་ཐང་དུ་ཆགས་ཡོད།
         སུམ་འཛོམས་ཞེས་པའི་མིང་འདི་ནི་སུམ་འཛོམས་དགོན་པ་དེ་དགོན་པ་ཆུང་ཆུང་གསུམ་མཉམ་སྒྲིལ་བྱས་པ་ལས་ཆགས་པ་ཡིན་ལ། ལམ་མདོ་ཁ་གསུམ་ཡོད་པ་ལས་བྱུང་བ་ཡིན་ཞེས་པའི་བཤད་སྲོལ་ཡང་ཡོད། དགོན་པ་འདི་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གྲུབ་མཐར་གཏོགས་ལ། གཙོ་རྟེན་ནི་རྗེ་བཙུན་བྱམས་པ་ཡིན། ལོ་རེའི་ཟླ་བ་3པའི་ཟླ་མཇུག་ནས་ཟླ་བ་4པའི་ཟླ་སྟོད་བར་གྱི་དཔྱིད་དྲོད་རྒྱས་ཏེ་མེ་ཏོག་བཞད་པའི་དུས། ས་གནས་དེ་གས་དགོན་པ་འདིའི་རྟེན་གཙོ་བོ་བྱམས་པའི་སྐུ་གདན་ཞུས་ཏེ་དགོན་པ་ཐེངས་རེ་བསྐོར་བ་དང་དུས་མཚུངས་སུ་དད་ལྡན་མང་ཚོགས་ཚོས་བྱམས་པའི་སྐུ་ལ་ཕྱག་དབང་ཞུ་བ་མ་ཟད། ད་དུང་གཟབ་རྒྱས་ཆེ་བའི་རྟ་རྒྱུག་འགྲན་བསྡུར་བྱས་ཏེ་ཆར་ཆུ་དུས་སུ་འབབ་པ་དང་མི་དམངས་བདེ་ཞིང་སྐྱིད་པར་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད། བྱེད་སྒོ་འདི་ལ་ནི་ལོ་རྒྱུས་ཡུན་རིང་ལྡན་ལ་གཞི་རྒྱ་ཆེ་བ། ཆོས་ལུགས་དང་། དམངས་སྲོལ། དམངས་ཁྲོད་ལུས་རྩལ་བཅས་མཉམ་དུ་བསྲེས་ཡོད་ཅིང་། དུས་ཡུན་ཉིན་གསུམ་ལ་སྤེལ་བ་རེད། ཉེ་བའི་ལོ་ཤས་རིང་བྱེད་སྒོ་འདི་ནི་ས་གནས་དེ་གའི་ཁྱད་ཆོས་གཏིང་ཟབ་ལྡན་ལ། སྙན་གྲགས་ཕྱོགས་བཞིར་ཁྱབ་པ། ས་གནས་དེ་གའི་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་པའི་དམངས་སྲོལ་རིག་གནས་དུས་ཆེན་ཞིག་ཏུ་གྱུར་ཡོད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】
     
    【12】  【13】  【14】  【15】  【16】  【17】  【18】
    ཟླ་4ཚེས་5ཉིན་བྱམས་པའི་སྐུ་གདན་ཞུ་མ་བྱས་སྔོན་ལ་དགོན་པའི་དགེ་འདུན་ཚོས་དུང་ཆེན་གྲ་སྒྲིག་བྱེད་བཞིན་པ།
    ཟླ་4ཚེས་5ཉིན་བྱམས་པའི་སྐུ་གདན་ཞུ་མ་བྱས་སྔོན་ལ་དགོན་པའི་དགེ་འདུན་ཚོས་དུང་ཆེན་གྲ་སྒྲིག་བྱེད་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།