འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཡུལ་ཤུལ་དུ་ལས་བྱེད་པ་ཆིག་སྟོང་གཤམ་སྐྱོད་ཀྱིས"དྲིལ་བསྒྲགས་བཞི་དང་
    སྐུལ་འདེད་བཞིའི"བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་13ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཞིང་ཆེན་དེ་ཡོངས་སུ་ལས་བྱེད་པ་ཁྲི་གཤམ་སྐྱོད་ཀྱིས“དྲིལ་བསྒྲགས་གསུམ་དང་སྐུལ་འདེད་གསུམ”གྱི་བྱེད་སྒོ་སྤེལ་བའི་རྨང་གཞིའི་ཐོག་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱེད་སྒོ་དེ“དྲིལ་བསྒྲགས་བཞི་དང་སྐུལ་འདེད་བཞིར”རྒྱ་སྐྱེད་བཏང་ཡོད་པ་སྟེ། སྲིད་ཇུས་དྲིལ་བསྒྲགས་དང་། ཆ་འཕྲིན་དྲིལ་བསྒྲགས། ཞབས་ཞུ་དྲིལ་བསྒྲགས། བཅའ་ཁྲིམས་དྲིལ་བསྒྲགས་བཅས་དང་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་དང་། ཐོན་སྐྱེད་གོང་འཕེལ་ལ་སྐུལ་འདེད། གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད། གྲོང་ཚོ་དང་དགོན་སྡེ་སྦྲེལ་མཐུད་ལ་སྐུལ་འདེད་བཅས་རེད། ཉེ་ཆར་ཡུལ་ཤུལ་ཀྲོའུ་ཡི་ལས་བྱེད་པ་ཆིག་སྟོང་ཙམ་གྱིས“དྲིལ་བསྒྲགས་བཞི་དང་སྐུལ་འདེད”བརྗོད་དོན་གཙོ་བོར་བྱས་ཏེ་ཀྲོའུ་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་258ལ་གཤམ་སྤེལ་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཏང་དང་འབྲོག་པ་མང་ཚོགས་དབར་གྱི་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་རིང་རྒྱ་སྐྱེད་བཏང་བའི“བཅའ་ཁྲིམས་དྲིལ་བསྒྲགས”ཞེས་པ་ནི་ཁྲིམས་ལུགས་འཆད་ཁྲིད་བྱེད་པ་དང་། ཁྲིམས་ལུགས་སྒྲོག་འགྲེལ་ཚོགས་པ་འཛུགས་པ། དཔྱད་གཞིའི་ཡིག་རིགས་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད། གྲོང་ཚོའི་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཁྲོད་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས་》སོགས་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ་དམངས་ཡོངས་ཀྱི་ཁྲིམས་སྦྱོང་བ་དང་། ཁྲིམས་ཤེས་པ། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་དང“རྒྱལ་གཅེས་དང་། ཁྲིམས་ལུགས། དྲིན་ཚོར”བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་བརྒྱུད། རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོར་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་སྤྱི་ཚོགས་ཀྱི་དྲོ་སྐྱིད་ཚོར་བ་བྱས་ནས་རང་འགུལ་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་པའི་སློབ་གསོ་གཏོང་བར་བརྗོད།
         “གྲོང་ཚོ་དང་དགོན་སྡེ་སྦྲེལ་མཐུད་ལ་སྐུལ་འདེད”ཅེས་པ་ནི་ཤང་(གྲོང་རྡལ)དང་གྲོང་ཚོའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་ཡུལ་ཤུལ་ཀྲོའུ་ཨུད་ཀྱིས་བཏོན་པའི་《གྲོང་ཚོ་དང་དགོན་སྡེ་སྦྲེལ་མཐུད་ཀྱིས་བཅོས་སྐྱོང་བྱ་རྒྱུའི་སྐོར་གྱི་བསམ་འཆར་》སློབ་སྦྱོང་ནན་ཏན་བྱེད་པ་དང་སྦྲགས། གྲོང་ཁྱེར་དང་། རྫོང་། ཤང་གྲོང་བཅས་ལ་གཞོགས་འདེགས་ཀྱིས་གྲོང་ཚོ་དང་དགོན་སྡེ་སྦྲེལ་མཐུད་བཅོས་སྐྱོང་གི་གཙོ་གནད་ལས་འགན་གྲལ་བཤེར་གསེད་བཀྲོལ་དང་། གདམ་གསེས་ནན་ཏན། སྔ་སྣུར་ནས་འཆར་འགོད་བཅས་བྱས་ཏེ“འཐབ་ས་དང་པོའི་ལས་དོན་སྒྲུབ་སྟངས”ཐོག་ནས་འགལ་བ་དང་རྩོད་གཞི་འདུམ་འགྲིག་གིས་བརྟན་ལྷིང་མེད་པའི་བདེ་འཇགས་དོན་རྐྱེན་སྔོན་འགོག་བྱས་ཏེ་ཞི་མཐུན་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བར་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།