འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སྤུ་ཧྲེང་ཐང་ག་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་ར་སྐྲུན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་11ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་སྤུ་ཧྲེང་ཐང་ག་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་ར་སྐྲུན་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་8ཉིན་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་ཐང་ག་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་རའི་ལས་གྲྭའི་རྩིག་རྨང་འདིང་བའི་མཛད་སྒོ་འཚོགས་པ་དང་། དེ་ཐོག་ནས་སྤུ་ཧྲེང་ཐང་ག་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་ར་དངོས་སུ་འཛུགས་སྐྲུན་ཨར་ལས་དུས་མཚམས་སུ་སླེབས་པ་མཚོན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། སྤུ་ཧྲེང་ཐང་ག་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་རའི་ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.95གཏོང་རྒྱུ་དང་། འཛུགས་སྐྲུན་ལས་ཡུན་ལོ་གཉིས་ཡིན་པ་རེད། རྣམ་གྲངས་བསྐྲུན་ཟིན་རྗེས་མཐའ་མཚམས་ཉོ་ཚོང་དང་། ཚོང་ལས་སྤྲོ་གསེང་། ཟོག་འགྲེམས་མཛོད་ཉར་བཅས་གཞི་གཅིག་ཅན་གྱི་ཚོང་ལས་ཕྱོགས་བསྡུས་ཅན་ཞིག་འགྲུབ་རྒྱུ་རེད།
    ༄༅།།བོད་ལྗོངས་སྤུ་ཧྲེང་ཐང་ག་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་ར་སྐྲུན་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།