འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཝེ་ཐེ་ནམ་གྱིས་ཆུ་འབྲས་འདེབས་ཁྱོན་ཉུང་དུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་13ཉིན། 09:20】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཝེ་ཐེ་ནམ་གྱི་རྒྱལ་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་མ་འོངས་ལོ་ལྔའི་ནང་རྒྱལ་ཁབ་དེའི་ཆུ་འབྲས་འདེབས་ཁྱོན་སྤྱི་ཆིང་ཁྲི་27ཉུང་དུ་གཏོང་རྒྱུར་གྲོས་འཆམ་བྱུང་ཡོད་པ་རེད།
         ཝེ་ཐེ་ནམ་གྱི་རྒྱལ་ཚོགས་ཀྱིས་ཚེས་9ཉིན་མོས་མཐུན་འདེམས་ཤོག་ཀྱི་བསྡུར་ཚད་86.64%ཡི་ཐོག་ནས་2016ལོ་ནས་2020ལོའི་བར་གྱི་ས་ཞིང་བེད་སྤྱོད་ཀྱི་འཆར་གཞིར་གྲོས་འཆམ་བྱུང་བ་རེད། འཆར་གཞི་དེའི་ནང་2020ལོར་སླེབས་སྐབས་ཝེ་ཐེ་ནམ་གྱི་ཆུ་འབྲས་འདེབས་ཁྱོན་སྤྱི་ཆིང་ཁྲི་376ཙམ་ཉུང་དུ་གཏོང་རྒྱུ་ཡིན་པ་རེད། དེ་གོང་ཝེ་ཐེ་ནམ་ལ་ཆུ་འབྲས་འདེབས་ཁྱོན་སྤྱི་ཆིང་ཁྲི་381ཉུང་དུ་གཏོང་རྒྱུའི་འཆར་གཞི་ཡོད་པ་དང་འཆར་གཞི་གསར་པའི་ནང་ཆུ་འབྲས་འདེབས་ཁྱོན་སྔར་བས་ཉུང་དུ་བཏང་ཡོད་པ་རེད།
         2015ལོའི་ཝེ་ཐེ་ནམ་གྱི་ཆུ་འབྲས་འདེབས་ཁྱོན་སྤྱི་ཆིང་ཁྲི་403ཟིན་ཡོད་པ་རེད། ཝེ་ཐེ་ནམ་གྱི་རྒྱལ་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཐན་སྐྱོན་དང་མཚོ་ཆུ་ཁ་ལུད་ཀྱི་ཤུགས་རྐྱེན་ཐེབས་པས་ཝེ་ཐེ་ནམ་དབུས་རྒྱུད་ཀྱི་མཚོ་རྒྱུད་དང་ལྷོ་རྒྱུད་ཀྱི་མའེ་ཀུང་གཙང་པོའི་ཟུར་གསུམ་ཁུལ་གྱི་ས་ཞིང་མང་པོ་ཞིག་ཆུ་འབྲས་འདེབས་རྒྱུར་འཚམ་པོ་མེད་པ་དང་ས་ཞིང་ཁག་གཅིག་ཆུ་ཐོན་གསོ་སྤེལ་དང་དེ་མིན་གྱི་ཞིང་ལས་སྐྱེ་དངོས་འདེབས་རྒྱུར་སྤྱོད་རྒྱུ་ཡིན་པ་རེད།
         ཉེ་བའི་ལོ་ཤས་རིང་ཝེ་ཐེ་ནམ་གྱི་འབྲས་ཕྱིར་གཏོང་བྱེད་ཚད་གོ་ལ་ཧྲིལ་པོའི་ཨང་ལྔ་པར་སླེབས་པ་དང་2015ལོར་ཁྱོན་འབྲས་ཏུན་ཁྲི་650ཕྱིར་གཏོང་བྱས་པར་རིན་ཐང་ཨ་སྒོར་དུང་ཕྱུར་26.8ཟིན་ཡོད་པ་རེད། ཀྲུང་གོ་ནི་ཝེ་ཐེ་ནམ་གྱི་འབྲས་ཕྱིར་གཏོང་གི་ཁྲོམ་ར་ཆེ་ཤོས་དེ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།