འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཅི་ལིན་གྱིས་མཛེས་སྡུག་ལྡན་པའི་སྲིད་འཛིན་གྲོང་ཚོ་2000གཏོད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་12ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་བཞི་པ་ནས་བཟུང་། ཅི་ལིན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་སྲིད་འཛིན་གྲོང་ཚོ་2000བདམས་ཏེ་གྲོང་ཚོ་ཧྲིལ་པོར་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཅི་ལིན་གྱི་དཔྱིད་དུས་གྲོང་གསེབ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ཐད“གཙང་བཟོ་དྲུག”བྱ་རྒྱུ་ཡིན་པ་སྟེ། གད་སྙིགས་གཙང་བཟོ་དང་། མེ་ཤིང་གཙང་བཟོ། ལུད་ཕུང་གཙང་བཟོ། སྒོ་ར་གཙང་བཟོ། ཆུ་ཡུར་གཙང་བཟོ། ཁུག་ཀྱོག་གཙང་བཟོ་བཅས་ནང་དོན་གཙོ་བོར་བྱས་ཏེ་གཞུང་ལམ་དང་ལྕགས་ལམ་དང་ཡུལ་སྐོར་ལམ་ཐིག་གཡས་གཡོན་གྱི་གད་སྙིགས་གཙང་བཟོ་དང་། གྲོང་གསེབ་ཀྱི་ཁང་པའི་རྒྱབ་མདུན་དང་གྲོང་སྡེའི་གཞུང་ལམ་གཡས་གཡོན་གྱི་ཆུ་འབུད་ཆུ་ཡུར་གཙང་བཟོ། མེ་ཤིང་གྲལ་སྒྲིག་པོས་འཇོག་པ་དང་གྲོང་གསེབ་ཀྱི་ལུད་ཕུང་གཙང་བཟོ་སོགས་བྱ་རྒྱུ་ཡིན་པ། གད་སྙིགས་ཐོན་ཁུངས་ཅན་དང་། གནོད་མེད་ཅན། ཉུང་འཕྲི་ཅན་བཅས་ཀྱི་ཐག་གཅོད་མཐའ་འཁྱོངས་བྱས་ནས་དུད་ཚང་གིས་རིགས་དབྱེ་དང་། གྲོང་སྡེས་གནས་གཏན་འཁེལ་བྱེད་པ། གྲོང་ཚོས་བསྡུ་རུབ་བྱེད་པ། གྲོང་རྡལ་གྱིས་དབོར་འདྲེན་བྱེད་པ། རྫོང་གིས་ཐག་གཅོད་བཅས་ཀྱི་བྱེད་ཐབས་ཁྱབ་གདལ་བཏང་སྟེ་གད་སྙིགས་ཀྱིས་ཁོར་ཡུག་ལ་སྦགས་བཙོག་བཟོ་རྒྱུ་སྔོན་འགོག་དང་མེད་པ་བཟོ་རྒྱུ་རེད།
         ཅི་ལིན་ཞིང་ཆེན་གྱིས་གྲོང་ཚོ་ཧྲིལ་པོར་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་སྤེལ་བའི་ཁྲོད“ཡོད་པ་དྲུག”བྱེད་ཐུབ་པ་སྟེ། འཆར་གཞི་ཡོད་པ་ནི་གྲོང་ཚོ་ཧྲིལ་པོར་ཁྱབ་གདལ་གཏོང་བའི་ཁ་གཏད་གཏན་འཁེལ་བྱེད་པ་དང་། ལས་ཀའི་དམིགས་ཚད་དང་ལས་འགན་དོན་འཁྱོལ་བྱེད་པ། བཀོད་གཏོང་དང་ཕྱོགས་སྡོམ་ལ་དམ་འཛིན་བྱེད་པ་བཅས་དང་། སྒྲིག་ཆས་ཡོད་པ་ནི་གད་སྙིགས་གཙང་བཟོ་དང་དབོར་འདྲེན་གྱི་རླངས་འཁོར་ཡོད་པ་དང་གད་སྙིགས་གནས་སྐབས་བསྡུ་ཉར་ས་ཚིགས་དང་གད་གཞོང་ཡོད་པ། གཙང་སྦྲའི་ལས་མི་ཡོད་པ་ནི་ཆེད་མངགས་ཀྱི་ལས་དོན་རུ་ཁག་བཙུགས་ནས་ལས་གནས་དང་འགན་འཁྲི་གཏན་འཁེལ་ལག་བསྟར་བྱེད་པ། འགྲོ་གྲོན་གྱི་འགན་ལེན་ཡོད་པ་ནི་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་དང་། གྲོང་ཚོ་ཐུན་མོང་གིས་མ་དངུལ་གཏོང་བ། ཞིང་དུད་ཀྱིས་འགྲོ་གྲོན་འོས་འཚམ་བཏང་བའི་གྲབས་གསོག་གི་ལམ་སྲོལ་བཅས་ལག་བསྟར་བྱེད་པ། གྲོང་སྲོལ་དམངས་ཆིངས་ཡོད་པ་ནི་ཞིང་དུད་སྒོ་འགྲམ་དུ“འགན་ལེན་གསུམ”གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པ། ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་ཡོད་པ་ནི་རྒྱུན་དུ་ཞིབ་བཤེར་ལ་སྐུལ་འདེད་བཏང་ནས་ཐོར་བསྡུས་ཁ་གསབ་དང་གང་ཆད་ན་གང་ཁ་གསབ་བྱེད་པ། གྲོང་ཚོ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ལ་སྤུས་ཚད་ཡོད་ལ་ཕན་འབྲས་ཡོད་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།