འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྷ་ཉིང་མཐོ་རིམ་གཞུང་ལམ་དུ་མཛེས་ལྗོངས་ཁྱམས་རིང་བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་07ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ལྷ་ཉིང་མཐོ་རིམ་གཞུང་ལམ་དུ་མཛེས་ལྗོངས་ཁྱམས་རིང་བསྐྲུན་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ལྷ་ཉིང་མཐོ་རིམ་གཞུང་ལམ་ནི་ལྷ་ས་གྲོང་ཁྱེར་ནས་ཉིང་ཁྲིའི་བྲག་ཡིབ་ཁུལ་གྱི་བརྒྱད་གཅིག་གྲོང་རྡལ་བར་དུ་ཡོད་ལ། ལམ་ཐག་རིང་ཚད་བསྡོམས་འབོར་ལ་སྤྱི་ལེ་409.2ཡོད་པ་དང་། ཕྱོགས་གཉིས་སུ་འཁོར་ལམ་བཞི་ནས་རླངས་འཁོར་བགྲོད་པའི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་80ལྟར་ཇུས་འགོད་བྱས་ཚེ། ཚོད་དཔག་བྱས་ན་འགྱུར་མེད་མ་དངུལ་འཇོག་གྲངས་སྒོར་དུང་ཕྱུར་380ཟིན་པ་རེད། ལྷ་ཉིང་མཐོ་རིམ་གཞུང་ལམ་དེ་སྐྱེ་ཁམས་བགྲོད་ལམ་དང་། ལྗང་མདོག་ཁྱམས་རིང་། མཛེས་ལྗོངས་ལམ་ཆེན་བཅས་སུ་འཛུགས་སྐྲུན་བྱེད་ཆེད། བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་གིས་ཚན་རིག་དང་མཐུན་པའི་མཛུབ་སྟོན་དང་ལྟ་སྐུལ་དོ་དམ་ནན་པོ་བྱས་པའི་འོག་གཏོར་བཤིག་མི་གཏོང་བ་དང་། ཟིང་འགུལ་ཉུང་བ། ཉམས་གསོ་མང་བ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ལྷ་ཉིང་མཐོ་རིམ་གཞུང་ལམ་གྱི་འགྲམ་ངོགས་སུ་སྤང་བཟོ་ལྗང་སྒྱུར་བྱེད་རྒྱུ་ཡིན་ལ། གཞུང་ལམ་དུ་སྐྱོད་སྐབས་གཞོགས་གཉིས་སུ་ཡོད་པའི་གྲོང་ཚོ་དང་། ཤིང་སྡོང་། ཆུ་བོ་སོགས་ཚང་མ་མིག་ལམ་དུ་འཆར་བར་བྱེད་རྒྱུ་རེད། ཚད་གཞི་མཐོན་པོའི་སྒོ་ནས་འཆར་འགོད་བྱེད་ཅིང་མ་དངུལ་འཇོག་རྒྱུ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ལག་བསྟར་བྱེད་རྒྱུའི་སྔོན་འགྲོའི་ཆ་རྐྱེན་ཐོག་ནས་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ཡུལ་སྐོར་མཛེས་ལྗོངས་ལམ་ཐིག་གཞན་ཞིག་བསྐྲུན་རྒྱུ་རེད།
    ༄༅།།བོད་ལྗོངས་ལྷ་ཉིང་མཐོ་རིམ་གཞུང་ལམ་དུ་མཛེས་ལྗོངས་ཁྱམས་རིང་བསྐྲུན་རྒྱུ་ཡིན་པ།
    ༄༅།།བོད་ལྗོངས་ལྷ་ཉིང་མཐོ་རིམ་གཞུང་ལམ་དུ་མཛེས་ལྗོངས་ཁྱམས་རིང་བསྐྲུན་རྒྱུ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།