འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་དང་པོའི“དབྱང་མིང་བུམ་པ་·རི་སྐྱེས་མེ་ཏོག་བརྩམས་སྒྲུང་གི་ལོ་གཉིས་རེའི་
    བྱ་དགའ”སྤྲད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་12ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 《རི་སྐྱེས་མེ་ཏོག་》དུས་དེབ་ཁང་དང་། ཀུའེ་དབྱང་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཤིའུ་ཝུན་རྫོང་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་སྐབས་དང་པོའི“དབྱང་མིང་བུམ་པ་·རི་སྐྱེས་མེ་ཏོག་བརྩམས་སྒྲུང་གི་ལོ་གཉིས་རེའི་བྱ་དགའ”སྤྲོད་པའི་མཛད་སྒོ་ཚེས་7ཉིན་ཀུའེ་དབྱང་གྲོང་ཁྱེར་ཤིའུ་ཝུན་རྫོང་དུ་གཉེར་བ་དང་། ཉིང་ཁན་དང་། ཧོ་ཝུན། ཀྲོའུ་ཧའེ་ལེའང་སོགས་རྩོམ་པ་པོ་བརྒྱད་ལ་རི་སྐྱེས་མེ་ཏོག་བརྩམས་སྒྲུང་གི་ལོ་གཉིས་རེའི་བྱ་དགའ་ཐོབ་པ་དང་ན་གཞོན་རྩོམ་པ་པོ་ཁྲེ་ཧྲང་དང་ཅང་ཙའེ་ལ་མི་སྣ་གསར་པའི་བྱ་དགའ་ཐོབ་པ་རེད།
         “དབྱང་མིང་བུམ་པ་·རི་སྐྱེས་མེ་ཏོག་བརྩམས་སྒྲུང་གི་ལོ་གཉིས་རེའི་བྱ་དགའ”ནི་《རི་སྐྱེས་མེ་ཏོག་》དུས་དེབ་ཀྱིས་རྒྱལ་ཡོངས་སུ་ཕྱོགས་ནས་ཐོག་མར་བཙུགས་པའི་དུས་དེབ་ཀྱི་རྒྱུན་རྣམ་བྱ་དགའ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་རང་རྒྱལ་གྱི་མིག་སྔའི་བརྩམས་སྒྲུང་འབྲིང་གྲས་དང་ཐུང་གྲས་ཀྱི་རྩོམ་རིག་གསར་རྩོམ་ལ་སྐུལ་འདེད་བཏང་ནས་ལོ་གཉིས་རེར་དཔྱད་འདེམས་ཐེངས་རེ་བྱེད་རྒྱུའི་གཏན་འཁེལ་བྱས་པ་དེ་རེད། ད་རེས་བྱ་དགའ་ཐོབ་པའི་བརྩམས་ཆོས་ནི་《རི་སྐྱེས་མེ་ཏོག་》དུས་དེབ་ཐོག་2014ལོ་དང་2015ལོར་བཏོན་པའི་བརྩམས་སྒྲུང་འབྲིང་གྲས་དང་ཐུང་གྲས་170ནང་ནས་དཔྱད་འདེམས་བྱས་པ་ཞིག་ཡིན། བྱ་དགའ་ཐོབ་པའི་རྩོམ་པ་པོ་པེ་ཅིང་དང་། ཧྲན་ཏུང་། ཧུའུ་པེ། ཀྲེ་ཅང་། ཀུའེ་ཀྲོའུ་སོགས་ཞིང་ཆེན་མང་པོ་ནས་ཡིན་པ་དང་། བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོའི་ལོའི་ཧེ་བག་ཆེ་ཙམ་ཡོད་པ་དང“ལོ་རབས་50པའི་ནང་སྐྱེས་པའི”ཧོ་ཝུན་དང་“ལོ་རབས་90པའི་ནང་སྐྱེས་པའི”ཅང་ཙའེ་གཉིས་བྱ་དགའ་ཐོབ་མཁན་ནང་ནས་ལོ་ཆེ་ཤོས་དང་ཆུང་ཤོས་དེ་གཉིས་རེད།
      

    ཕྱོགས་བསྡུས་གསར་འགྱུར།