འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མི་རིགས་རོལ་དབྱངས་རིག་གནས་ཐོན་ལས་ཞིབ་འཇུག་ཨུ་ཡོན་ལྷན་ཁང་དབུ་བརྙེས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་11ཉིན། 16:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། དམངས་ཁྲོད་རིག་རྩལ་སྔར་ལས་གྲ་རྒྱས་ཕུན་སུམ་ཚོགས་སུ་གཏོང་བ་དང་། མི་རིགས་ཀྱི་དམངས་ཁྲོད་རོལ་དབྱངས་རིག་གནས་ཐོན་ལས་འཕེལ་རྒྱས་དང་ཞིབ་འཇུག་ལ་སྐུལ་འདེད་གཏོང་ཆེད། ཀྲུང་གོའི་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱིས་གཙོ་གཉེར་གནང་བའི་ཀྲུང་གོའི་མི་རིགས་རོལ་དབྱངས་རིག་གནས་ཐོན་ལས་ཞིབ་འཇུག་ཨུ་ཡོན་ལྷན་ཁང་ཉེ་ཆར་པེ་ཅིང་དུ་དབུ་བརྙེས་པ་རེད།
         ཨུ་ཡོན་ལྷན་ཁང་འདི་ནི་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་མི་རིགས་རོལ་དབྱངས་རིག་གནས་ཐོན་ལས་ཀྱི་རིག་གཞུང་ཞིབ་འཇུག་ལས་ཁུངས་ཐོག་མ་ཡིན་ལ། དམིགས་ཡུལ་ནི་ཀྲུང་གོའི་མི་རིགས་དམངས་ཁྲོད་རོལ་དབྱངས་སྒྱུ་རྩལ་སྤེལ་རེས་ལ་སྐུལ་སྤེལ་གཏོང་བ་དང་། རྒྱ་ཆེའི་དམངས་ཁྲོད་སྒྱུ་རྩལ་པ་དང་ལས་སྒྲུབ་པར་མཐུན་སྒྲིལ་བྱེད་པ། རྒྱལ་ཁབ་ཕྱི་ནང་ལ་དམིགས་ནས་མི་རིགས་དམངས་ཁྲོད་རོལ་དབྱངས་རིག་གནས་འཚོལ་སྡུད་དང་། ལེགས་སྒྲིག ཞིབ་འཇུག ཁྱབ་སྤེལ། སྤེལ་རེས་སོགས་ཀྱི་ལས་དོན་སྤེལ་བ་བཅས་ཀྱི་ཆེད་དུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།