འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་རྒྱང་རིང་མཚོ་ཐོག་སྐྱེལ་འདྲེན་ཚོགས་པས་ཀེ་རི་སེའི་གྲུ་ཁ་ཆེ་ཤོས་ཀྱི་རྐང་དབང་
    མང་ཆེ་བ་ཉོ་སྒྲུབ་བྱེད་པའི་གྲོས་མཐུན་ལ་མིང་རྟགས་བཀོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་12ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་8ཉིན་ཀྲུང་གོ་རྒྱང་རིང་མཚོ་ཐོག་སྐྱེལ་འདྲེན་ཚོགས་པ་དང་ཀེ་རི་སེའི་སྒེར་དབང་ཐེབས་རྩས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་པི་ལུའེ་ཨའེ་ཕུའུ་སི་གྲུ་ཁ་དོ་དམ་ཅུས་ཀྱི་རྐང་དབང་མང་ཆེ་བ་ཉོ་སྒྲུབ་བྱས་པ་རེད།
         ཕྱོགས་གཉིས་པོས་མིང་རྟགས་བཀོད་པའི་རྐང་དབང་ནང་བཤུག་གྲོས་མཐུན་དང་རྐང་བདག་གྲོས་མཐུན་ལ་གཞིགས་ན། ཀྲུང་གོ་རྒྱང་རིང་མཚོ་ཐོག་སྐྱེལ་འདྲེན་ཚོགས་པས་ཡོ་རོབ་ཀྱི་སྒོར་མོ་དུང་ཕྱུར་3.685ཡི་ཐོག་ནས་པི་ལུའེ་ཨའེ་ཕུའུ་སི་གྲུ་ཁ་དོ་དམ་ཅུས་ཀྱི་རྐང་དབང་67%ཉོ་སྒྲུབ་བྱས་ཡོད། མིག་སྔར་གྲོས་མཐུན་དེར་ཀེ་རི་སེའི་གྲོས་ཚོགས་ཀྱི་ཆོག་མཆན་ཐོབ་དགོས་ཀྱི་ཡོད་པ་རེད།
         མིང་རྟགས་འགོད་པའི་མཛད་སྒོ་དེ་ཀེ་རི་སེའི་ཙུང་ལིའི་ལས་ཤག་ཏུ་འཚོགས་ཤིང་། ཀེ་རི་སེའི་ཙུང་ལི་ཆི་ཕུའུ་ལ་སི་དང་། ཙུང་ལི་གཞོན་པ་ཏེ་ལ་ཅ་ས་ཅི་སི། ཀེ་རི་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཙའུ་ཞའོ་ལི། ཀྲུང་གོ་རྒྱང་རིང་མཚོ་ཐོག་སྐྱེལ་འདྲེན་ཚོགས་པའི་ཏུང་ཧྲི་ཀྲང་ཞུས་ལི་རུང་། ཀྲུང་གོ་དང་ཀེ་རི་སེའི་སྲིད་དོན་དང་ཚོང་དོན་ལས་རིགས་ཀྱི་འཐུས་མི་200ལྷག་ཙམ་བཅས་མིང་རྟགས་འགོད་པའི་མཛད་སྒོ་དང་སྣེ་ལེན་ཚོགས་འདུར་ཞུགས་ཡོད་པ་རེད།
         ཀྲུང་གོ་རྒྱང་རིང་མཚོ་ཐོག་སྐྱེལ་འདྲེན་ཚོགས་པ་ནི་ཀྲུང་གོ་རྒྱང་རིང་མཚོ་ཐོག་སྐྱེལ་འདྲེན་ཚོགས་པ་དང་ཀྲུང་གོ་རྒྱ་མཚོ་ཚོགས་པ་ཟླ་སྒྲིལ་བཏང་ནས་སྒྲུབ་པ་ཞིག་ཡིན་པ་དང་། འདི་ལོའི་ཟླ་བ་གཉིས་པར་ཧྲང་ཧའེ་རུ་བཙུགས་པ་དང་ཚོགས་པ་གསར་པ་དེར་ཁྱོན་མ་རྩ་མི་དམངས་ཤོག་སྒོར་དུང་ཕྱུར་6100དང་ལས་མི་ཁྲི་11.8ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།